དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་དུ་ནས་དམ་འཛིན་དང་སྐུལ་འདེད་གཏིང་ཟབ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-20

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྗོངས་མི་སྤྱི་སྡེ་ཚན་གྱིས་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་དེ་མི་སྤྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེ་ཤོས་དང་གཏིང་ཟབ་ཤོས་སུ་བརྩིས་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། སེམས་ནུས་ཡོད་རྒུས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    ལྗོངས་མི་སྤྱི་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་མཱ་ཧོ་ཙུའུ་ཡིས། ལྗོངས་མི་སྤྱི་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། མེ་ལོང་ལྟ་བུའི“ཞིབ་བཤེར་བཞི་དང་འདྲི་རྩད་བཞི”མཐའ་གཅིག་ཏུ་ཡག་པོ་སྤྱོད་པ། གནད་དོན་ལ་དམིགས་ཏེ་སྐྱོད་པ་དང་། གནད་དོན་ལ་སྙེག་ནས་འགྲོ་བ། གནད་དོན་ལ་ལྡིར་ནས་བཅོས་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་བཤེར་འདོན་གཏིང་ཟབ་བྱེད་པ། གནད་དོན་རང་བཤེར་མངོན་གསལ་དོད་པོ་ཡོང་བ་དང་། དག་ཐེར་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བ། ལམ་ལུགས་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བ་བཅས་ཀྱི་ཐད་ནས་མི་སྤྱི་སྡེ་ཚན་གྱི་སྤྱོད་ཚུལ་ལེགས་གཏོང་ལ་སྐུལ་འདེད་བཏང་ཡོད།

    དེའི་ནང་། བོད་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལེན་པའི་འོས་ཐོབ་ཁས་ལེན་དཔང་འདོན་གྱི་དག་ཐེར་བྱས་འབྲས་ལ་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཁས་ལེན་གང་ལེགས་ཐོབ་པ་དང་། དག་ཐེར་གྱི་ཕན་འབྲས་ཀྱང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་གིས་དག་ཐེར་བཅོས་སྐྱོང་གི་དཔེ་མཚོན་གྲས་སུ་བཅུག་ཡོད་ཅེས་ངོ་སྤྲོད་བྱས།

    གཞན་ཡང་། ལྗོངས་མི་སྤྱི་སྡེ་ཚན་གྱིས་མི་སྤྱིའི་ལས་དོན་དེ་ཉིད་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་གོ་བ་ལེན་པ་དང་སྟངས་འཛིན་བྱེད་པ་མཐའ་འཁྱོངས་ཀྱིས་ལས་ཕྱོད་ཆེ་ལ་དམ་པ་དོན་གཉེར་གྱི་སྲིད་སྲོལ་ལ་བརྟེན་ནས་ལས་ཞུགས་བརྟན་པོ་དང་། འགན་སྲུང་བརྟན་པོ། ཤེས་ལྡན་པ་བསྡུ་བ། ཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་དམངས་འཚོའི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”རམ་འདེགས་བྱས་པ་རེད། ལྗོངས་ཕྱིའི་ལས་ཞུགས་རྒྱ་ཆེར་གཏོང་བའི་ཐད། ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་རྟེན་གཞི་30ལྷག་ཙམ་བཙུགས་པར་མི་1040ལས་ཀར་བསྡུས་པ་དེ་ནི་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། གཞི་ཁྱོན་ཆེ་བའི“མི་བརྒྱའི་ཚོགས་སྒྲིག”གི་ལྗོངས་ཕྱིའི་ལས་ཞུགས་ཐོག་མར་བཏོད་དེ་མཐོ་སློབ་སློབ་ཐོན་སློབ་མ་3605ལྗོངས་ཕྱིར་ལས་ཞུགས་ཐུབ་ནས་ལྗོངས་ཕྱིའི་ལས་ཞུགས་ཐུབ་ཚད་11.1%ཟིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད། 2023ལོར་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་སྣ་ཚོགས་སྒོར་དུང་ཕྱུར་2.33དམའ་རུ་བཏང་བ་དང་། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་གི་མ་དངུལ་སྒོར་ཁྲི་1669.75བསློགས་པ་དང་ལས་གནས་བརྟན་གཏོང་གི་གྲངས་འབོར་ཁྲི་12.47ལས་བརྒལ་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཤེས་ལྡན་པ་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པའི་དཀར་ཆག་ནང་བཅུག་པ་དང“བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད”སོགས“འཛུགས་གཏོད་བཞིའི”རྣམ་གྲངས་ཚང་མ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་རྣམ་གྲངས་མཛོད་ནང་བཅུག་པ་བཅས་རེད། 2023ལོ་ཚུན་དུ། ཞིང་འབྲོག་མང་ཚོགས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པའི་སྒྲིག་འཛུགས་བྱས་པར་འབབ་འཕར་སྒོར་དུང་ཕྱུར་5ཟིན་པ་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ཐད། མཐའ་མཚམས་རྫོང་གི་ཆེད་ལས་ལག་རྩལ་པར་གོ་མིང་དཔྱད་ཞིབ་ཀྱི་སྐར་གྲངས་ཚད་གཞི་ལོགས་སུ་གཏན་འཁེལ་ཐེངས་དང་པོ་བྱས་པ་དང་། རིགས་གཅིག་མཁས་ཅན་གྱི་ཞབས་འདེགས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་སུ་སློབ་གསོའི་ལས་དོན་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་དང་སྲིད་གཞུང་ནས་ཚབ་འཇལ་བྱེད་ཚད་གཉིས་ཀ་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།