སྤུ་ཧྲེང་རྫོང་གིས“འབྱོར་ཐོ་འགོད་པ་གཉིས”ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་ཀྲི་པུའུ“2+1”མཉམ་སྐྲུན་ལམ་ལུགས་ལ་བརྟེན་ནས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས”ཀྱི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་མི་སེམས་དྲོ་བར་བྱས་ཏེ་མང་ཚོགས་ལ་ཐག་ཉེ་ས་ནས་ཞབས་འདེགས་ཞུས་ཡོད།
སྤུ་ཧྲེང་རྫོང་གིས་མཉམ་སྐྲུན་མཉམ་གཏོད་ཀྱི་ཕན་ཡོད་ཉམས་མྱོང་འཚོལ་ཞིབ་བྱས་པའི་རྨང་གཞིའི་ཐོག ཀྲི་པུའུ“2+1”མཉམ་སྐྲུན་ལམ་ལུགས་བཙུགས་པ་སྟེ། རྫོང་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་27དང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའུ་10ཡི་དབར་ལས་ཁུངས་ཏང་ཀྲི་པུའུ་2ནས་3བར་དང་ཞིང་འབྲོག་ཁུལ་གྱི་ཏང་ཀྲི་པུའུ་1དབར་ཆ་སྒྲིག་གི་རྣམ་པ་བརྒྱུད་ཀྲི་པུའུ་ཆ་སྒྲིག་མཉམ་སྐྲུན་མཉམ་གཏོད་བྱས་ཡོད།
ལས་ཁུངས་ཏང་ཀྲི་པུའུ་ཡིས་ཐོན་ཁུངས་དང་འགན་ནུས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཚམས་འདྲིར་སྐྱོད་པ་དང་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད། མིག་སྔའི་བར། སྤུ་ཧྲེང་རྫོང་ཐད་གཏོགས་ལས་ཁུངས་ཏང་ཀྲི་པུའུ་ཡིས“འབྱོར་ཐོ་འགོད་པ་གཉིས”ཀྱི་བྱེད་སྒོ་ཐེངས་74སྤེལ་བ་དང་། དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་56སྤེལ་ནས་དམངས་ལ་བྱ་བ་དངོས103བསྒྲུབས་ཡོད། དྲིལ་བསྒྲགས་དང་། སྤྱི་བདེ། གནམ་གཤིས་སོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་འབྲེལ་གཏུག་གྲོང་ཚོ(སྡེ་ཁུལ)ཁག་ཏུ་བསྐྱོད་དེ། འགྲིམ་འགྲུལ་དང་སོལ་རླངས་བདེ་འཇགས་སློབ་གསོ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས། དཀའ་ངལ་ཡོད་པའི་མང་ཚོགས་དང་། དཀའ་ངལ་ཡོད་པའི་ཏང་ཡོན། “རྒན་གྲས་གསུམ”བཅས་ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་དངོས་ཟོག་སྤྲད་ཡོད་པ་རེད།
དེ་དང་ཆབས་ཅིག ལས་ཁུངས་ཏང་ཀྲི་པུའུ་ཁག་གིས་ཏང་གིས་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲི་པུའུ“2+1”མཉམ་སྐྲུན་ལམ་ལུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།