དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་མི་དང་མཉམ་དུ་སྤོ་ལོའི་འགྲན་བསྡུར་ལ་ལྟ་བ།

    ཁོ་ཐེ་ཏི་ཝོར་གྱི་ཡུལ་མིས“གྲོང་ཁྲི་ཀུན་ཁྱབ”སྐོར་དགའ་བས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-20

    2015ལོའི་ཟླ་བཅུ་གཉིས་པར། ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁར“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”གཙོ་གནད་ཐོག་ལག་བསྟར་བྱས་པའི་ནང“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ནི་ཨ་ཧྥེ་རི་ཁའི་གྲོང་ཚོ་ཁྲི་གཅིག་ལ་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་བརྡ་རྟགས་ཁྲིད་རྒྱུ་དེ་རེད། རྣམ་གྲངས་དེ་ཀྲུང་གོའི་ཁེ་ལས་སི་ཏ་དུས་རབས་ཚོགས་པས་སྐྲུན་འགན་ཁུར་ཡོད། 2023ལོའི་ཟླ་བཅུ་གཉིས་པའི་བར་ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཁྲི་ཀུན་ཁྱབ”རྣམ་གྲངས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་20ཡི་འཛུགས་སྐྲུན་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཨ་ཧྥེ་རི་ཁའི་གྲོང་ཚོ་9512ལ་ཁྱབ་སྟེ་ཐད་ཀར་ཕན་པ་ཐོབ་པའི་དུད་ཚང་ཁྲི་19ལྷག་ཙམ་ཟིན་ཞིང་།

    འདི་ནི་ཁོ་ཐེ་ཏི་ཝོར་ཡཱ་ཝུའུ་གྲོང་ཚོར་ལག་རྩལ་པ་སངས་ཀེས“གྲོང་ཁྲི་ཀུན་ཁྱབ”ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    འདི་ནི་ཁོ་ཐེ་ཏི་ཝོར་ཡཱ་ཝུའུ་གྲོང་ཚོའི་མི་རྣམས་ཀྱིས་གྲོང་མིའི་བྱེད་སྒོ་ལྟེ་གནས་སུ་ཨ་ཧྥེ་རི་ཁའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ལྟ་བཞིན་པ།

    འདི་ནི་ཁོ་ཐེ་ཏི་ཝོར་ཡཱ་ཝུའུ་གྲོང་ཚོའི་གྲོང་མིའི་བྱེད་སྒོ་ལྟེ་གནས་ཐོག་སྟེང་གི“གྲོང་ཁྲི་ཀུན་ཁྱབ”ཀྱི་སྲུང་སྐར་བརྙན་འཕྲིན་བསྡུ་ལེན་ཡོ་ཆས་ཡིན་པ།

    འདི་ནི་ཁོ་ཐེ་ཏི་ཝོར་ཡཱ་ཝུའུ་གྲོང་ཚོར་མི་རྣམས་ཀྱིས་གྲོང་མིའི་བྱེད་སྒོ་ལྟེ་གནས་སུ་ཨ་ཧྥེ་རི་ཁའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།