དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་ནན་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-19

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་སྐྱོད་པའི་དུས་ཚོད་རླངས་འཁོར་དུ་སྡོད་སྐབས་ཆུ་ཚོད་7འགོར་བ་ནས་ད་ལྟ་མེ་འཁོར་ལ་བསྡད་ན་ཆུ་ཚོད་4དང་སྐར་མ་30ལས་འགོར་གྱི་མེད་པས། ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་དེ་བས་བདེ་འཇགས་དང་སྟབས་བདེ་བྱུང་བ་མ་ཟད། ལམ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལའང་གསོན་ཤུགས་གསར་པ་བསྣན་ཡོད། འདི་ནི་ཟླ་1ཚེས་14ཉིན་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ཤུགས་འགྲེམས་མེ་འཁོར་ཁུན་མིང་མེ་འཁོར་བབས་ཚུགས་ནས་སེམས་ཀྱི་ཉི་ཟླའི་ཕྱོགས་སུ་ག་ལེར་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།