དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གཙོ་གནད་འདུ་འགོད་བདུན་ལག་ལེན་བསྟར་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-19

    ཉེ་དུས། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཚན་14ཡིས《མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གྱི་གཙོ་གནད་འདུ་འགོད་ལག་བསྟར་ཇུས་གཞིའི〉གཙོ་གནད་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་ཁག་བགོས་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་2025ལོའི་ལོ་མཇུག་ཏུ་སླེབས་སྐབས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། སྔོན་འགོག བདེ་སྲུང་། སློབ་གསོ། ཚན་ཞིབ། ཐོན་ལས། རིག་གནས། ཕྱི་ཕྱོགས་སྤེལ་རེས་སོགས་ཁྱབ་ཁོངས་ཁག་མཐུན་སྦྱོར་འཕེལ་རྒྱས་བཏང་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དར་རྒྱས་གོང་འཕེལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ཏེ་བདེ་ཐང་གི་མཚོ་སྔོན་སྐྲུན་རིང་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

    《ཇུས་གཞིའི》ནང་། མཚོ་སྔོན་ཞིང་ཆེན་གྱིས《ཀྲུང་ལུགས་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་གྱི་གཙོ་གནད་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི་འགྲེམ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》ནང་བཏོན་པའི་གཙོ་གནད་ལས་འགན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་འགོད་དང་། ཀྲུང་ལུགས་དང་ཕྱི་ལུགས་དང་བོད་ལུགས་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར་སྐུལ་འདེད་འདུ་འགོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་དང་དེང་རབས་ཅན་གྱི་འདུ་འགོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྒོ་དབྱེ་འཕེལ་རྒྱས་ཀྱི་འདུ་འགོད་སོགས་འདུ་འགོད་ཆེན་པོ་བདུན་གྱི་གཙོ་གནད་ལས་འགན་ཁག་19བཏོན་ནས་ལས་འགན་ཁག་བགོས་ཁ་གསལ་དང་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ལུགས་བཏོན་ཡོད།

    《ཇུས་གཞིའི》ནང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས“སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད”གཙོ་རྐང་དུ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་པ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། རྒྱལ་ཁབ་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཆེད་ལས་ཚན་ཁག་གི་ཆུ་ཚད་མཐོ་རུ་གཏོང་བ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་ཁང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། གཞུང་བཙུགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་30ཡིས་དྲག་སྐྱེད་ཚན་ཁག་བཙུགས་ཏེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ལ་བརྟེན་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཉེ་སྒྲིབ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཚོད་ལྟའི་ས་ཚིགས་དང་བུད་མེད་དང་བྱིས་པའི་བདེ་ཐང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཁྱབ་གདལ་གྱི་ཚོད་ལྟའི་ས་ཚིགས་འཛུགས་རྒྱུ། རིམ་པ་གཉིས་པ་ཡན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གིས་རྒན་རྒོན་གྱི་གསོ་རིག་ཚན་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རྒན་རྒོན་གྱི་ནད་གཞི་དང་དེ་བཞིན་འབྲེལ་ཡོད་གཅོང་ནད་འགོག་བཅོས་དང་དྲག་སྐྱེད་ནད་སྐྱོང་གི་ལས་དོན་སྤེལ་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་དྲ་སྦྲེལ་སྨན་ཁང་1ནས་2བར་བཙུགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་མངོན་པའི་སྨན་ཁང་གི་ཆ་འཕྲིན་མ་ལག་རིམ་བཞིན་སྐྲུན་དགོས། ཕྱོགས་བསྡུས་སྨན་ཁང་དུ“ལམ་སྲོལ་ཡོད་པ་དང་། ཚོགས་པ་ཡོད་པ། བྱ་ཐབས་ཡོད་པ། ཕན་འབྲས་ཐོན་པ”བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་བྱེད་སྟངས་ཁྱབ་གདལ་བཏང་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དེ་རིག་ཚན་མང་པོའི་ནད་དཔྱད་མ་ལག་ནང་འཇུག་དགོས། ཕྱོགས་བསྡུས་སྨན་ཁང་དང་། ཆེད་ལས་ཚན་ཁག་གི་སྨན་ཁང་། མ་བུ་བདེ་སྲུང་སྨན་ཁང་སོགས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་ཚན་མང་པོའི་ནད་བརྟག་སྨན་བཅོས་མ་ལག་རིམ་བཞིན་བཙུགས་ཏེ་བཅོས་དཀའ་བའི་ནད་རིགས་དང་། འགོ་ནད། གཅོང་ནད་སོགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གིས་མཉམ་འབྲེལ་ཐོག་བཅོས་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་རྒྱུན་འཛིན་གསར་གཏོད་བྱེད་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།