དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲོང་གསེབ་ཡངས་པའི་ལྡུམ་ར་ནས། ཐོན་ལས་མེ་ཏོག་མགོ་ལྕོག་ལྡེམ།

    ——མངའ་རིས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-19

    རྨ་བྱ་ཁ་འབབ་རྒྱུག་ཁུལ་གྱི་ཐུན་མིན་གནམ་གཤིས་ཀྱི་ལེགས་ཆ་ལས། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི“དཀར་མ་དགུ་རྡོག”(ནས་དཀར)གི་ཐོན་འབབ་མང་ལ་སྤུས་དག་པས། ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ས་ཁུལ་ཡོངས་སུ་གཞི་ཁྱོན་མངོན་གསལ་དོད་པའི་དེང་རབས་ཅན་གྱི་ནས་དཀར་ལས་སྣོན་བཟོ་གྲྭ་བཙུགས་ཏེ་ཞི་བདེ་གྲོང་ཚོ་དང་ཐ་ན་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅིང་། འདི་ནི་ཞི་བདེ་གྲོང་ཚོའི་ཟུར་ཞིག་ཡིན་པ།

    2023ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་སྟེ། ལྗོངས་ཏང་ཨུད་ཀྱི“ཞིང་གསུམ”ལས་དོན་གྱི་བཀོད་སྒྲིག་དང་ས་ཨུད་ཀྱི“12114”ལས་ཀའི་བསམ་ཕྱོགས་དོན་འཁྱོལ་ཏན་ཏིག་བྱས་པ་དང་། དབུལ་ལོག་སྔོན་འགོག་གི་ལྟ་དཔྱད་ཚད་ལེན་དང“འགན་སྲུང་གསུམ”དང་དེ་བཞིན་འཐུང་ཆུའི་བདེ་འཇགས་ལ་དམིགས་ཏེ། གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་པོར་སྲུང་བ་དེ་དོན་ཆེན་གཙོ་བོ་དང་ལས་འགན་ཨང་དང་པོར་བརྩིས་ནས། འགན་འཁྲི་དང་། སྲིད་ཇུས། ལས་དོན་བཅས་ཀྱི“དོན་འཁྱོལ་གསུམ”ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཡོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་གོམ་སྟབས་གསར་པ་སྤོ་བ་བཅས་ལ་སྐུལ་འདེད་བཏང་བ་རེད།

    ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ཏེ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ།

    མངའ་རིས་ས་ཁུལ་གྱིས་དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་ཇུས་འགོད་བཅས་མཐའ་འཁྱོངས་ཀྱིས《མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཆར་འགོད》དང《རྫོང་རིམ་པའི་ལས་བྱེད་པས་གཞི་རིམ་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་བཟོས་པ་དང་། 《མངའ་རིས་ས་ཁུལ་གྱི་གྲོང་གསེབ་བཅོས་སྐྱོང་ཁྲོད“སྐར་གསོག་ལམ་ལུགས”ཁྱབ་གདལ་དང་ལག་ལེན་བསྟར་བའི་སྐོར་གྱི་ཇུས་གཞི(ལག་བསྟར་ཚོད་ལྟ)》དང《མངའ་རིས་ས་ཁུལ་གྱི་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་འགོ་ཁྲིད་ཀྱིས་འགན་གཙང་ལེན་པ་དང་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་དོན་ཇུས་གཞི》སོགས་བཀྲམ་སྟེ་ཇུས་འགོད་རྩེ་གྲ་ཡོང་བར་སྔར་བས་ཤུགས་སྣོན་དང་ཚད་གཞི་མཐོ་བའི་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ་རེད།

    དབུལ་ལོག་སྔོན་འགོག་གི་བབ་བསྟུན་ལྟ་དཔྱད་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། 2023ལོའི་ཟླ་11པའི་བར། ས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་དུད་ཚང་494ཡི་ཡུལ་མི་1867ལ་དབྱེ་འབྱེད་ངོས་འཛིན་དང་ལྟ་དཔྱད་ཚད་ལེན་བྱས་པར། དུད་ཚང་322ཀྱི་ཡུལ་མི་1222ཀྱི་དབུལ་ལོག་གི་ཉེན་ཁ་བསལ་བ་རེད། དུད་ཚང་22917དུ་བསྐྱོད་དེ་མི་87876ལ་གྲལ་བཤེར་བྱས་པར། སློབ་མཚམས་ཆད་པའི་སློབ་མ་1སློབ་གྲྭར་བསྐོངས་པ་དང་། བྱིས་པ་ནད་པ་1ལ་དུས་ཐོག་ཏུ་སྨན་བཅོས་བྱས་པ། དབུལ་སྒྲོལ་ཡུལ་མི་2ལས་ཞུགས་བརྟན་པོ་ཐུབ་པ། དབུལ་སྒྲོལ་དུད་ཚང་གི་སློབ་ཆེན་སློབ་མ་2བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་ལོ་འཁོར་གྱི“ཀྲུང་གོའི་རང་དར་སློབ་ཆེན་སློབ་མ་ཕུལ་བྱུང”གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་འོས་མིའི་མིང་ཐོར་བཅུག་པ། ལྟ་དཔྱད་ཚད་ལེན་བྱ་ཡུལ་གྱི་དུད་ཚང་2ལ“དབུལ་ལོག་གི་འགན་བཅོལ”བརྒྱུད་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་1རག་པ། དབུལ་སྒྲོལ་མང་ཚོགས་དང་ལྟ་དཔྱད་ཚད་ལེན་བྱ་ཡུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་100%ཟིན་པ་བཅས་རེད། མ་དངུལ་སྒོར་ཁྲི་30བཏང་ནས“དབུལ་ལོག་གི་འགན་བཅོལ”སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་པར། མིག་སྔར་གུན་གསབ་དངུལ་སྒོར་ཁྲི་5.9རག་ཡོད་པ་རེད། དབུལ་ལོག་སྔོན་འགོག་གི་ལྟ་དཔྱད་ཚད་ལེན་དང་རོགས་སྐྱོར་གསོ་སྦྱོང་དུས་ཐེངས་4བྱས་པར་མི་223ཞུགས་པ་དང་། ཆ་འཕྲིན་དོ་དམ་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཡོངས་ཀྱི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ལས་སྒོའི་འཇོན་ཐང་ལེགས་སུ་ཕྱིན་ཡོད་པ་རེད།

    དབུལ་སྒྲོལ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་འཕར་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། ཐོན་ལས་རིམ་སྤོར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་འབབ་འཕར་བྱ་ཐབས་ཁག་7ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད། རྒྱལ་ཡོངས་ཀྱི་དབུལ་ལོག་སྔོན་འགོག་གི་ལྟ་དཔྱད་ཚད་ལེན་དང་རོགས་སྐྱོར་ཆ་འཕྲིན་མ་ལག་ནས་མངོན་པར། 2023ལོའི་ཟླ་9པའི་བར། ས་ཁུལ་ཡོངས་སུ་དབུལ་སྒྲོལ་བྱུང་བའི་དུད་ཚང་6121དང་མང་ཚོགས་23820ཟིན་པ་དང་། 2023ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16509ཟིན་པ་དེ་2022ལོའི་དུས་མཚུངས་ལས་21.06%འཕར་ཡོད་པ་དང་། ཕྱིར་གླ་པར་སོང་བའི་དབུལ་སྒྲོལ་མི་འབོར་4096ཟིན་ནས་ལོ་འཁོར་ལས་འགན་གྱི་102.6%འགྲུབ་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པ།

    2023ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་རྒྱུ་དེ་འཕེལ་རྒྱས་ལ་དམ་འཛིན་དང་། དམངས་འཚོར་དམ་འཛིན། བརྟན་ལྷིང་ལ་དམ་འཛིན་བྱེད་པ་བཅས་དང་གལ་ཆེ་མཉམ་དུ་འཛིན་ནས། ཐུན་མོང་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྣམ་གྲངས་ཁག་191སྲ་བརྟན་དང་རྒྱ་སྐྱེད་བཏང་བར། མིག་སྔར་རྣམ་གྲངས་ཁག་188ལས་འགོ་ཚུགས་པ་དང་རྣམ་གྲངས་ཁག་155ལེགས་གྲུབ་བྱུང་ནས་ལེགས་གྲུབ་བྱུང་ཚད་81.15%ཟིན་པ་དང་། 2024ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་ཁག་229ཡི་ཞིབ་བསྡུར་དང་ཐོ་འགོད་སྙན་སེང་གི་ལས་དོན་ལེགས་གྲུབ་ཟིན་ཡོད། དེ་དང་ཆབས་ཅིག གནས་འཕྲོད་དང་ལས་འཚམ་མཛེས་སྡུག་བཅས་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་སུ་གཏོང་བ་དང་སྤྱི་པའི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། མ་དངུལ་སྒོར་དུང་ཕྱུར་2.09བཏང་ནས་གནས་འཕྲོད་ལས་འཚམ་མཛེས་སྡུག་བཅས་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་10ལག་ལེན་བསྟར་བར་མིག་སྔར་རྣམ་གྲངས་ཁག་9ལེགས་གྲུབ་ཟིན་པ་དང་། གྲོང་ཚོ(གྲོང་ལྷན)145ཡི་དུད་ཚང་22404ཡི་གྲོང་གསེབ་འཛུགས་སྐྲུན་གྱི་ཆ་འཕྲིན་ནང་འཇུག་གི་ལས་དོན་ལེགས་གྲུབ་ཟིན་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ཀྱི་མཛོད་དང་ལས་འགན་གྱི་གསལ་ཐོའི་རྣམ་གྲངས་གསེད་བཀྲོལ་གྱི་ལས་དོན་ལེགས་གྲུབ་ཟིན་པ། 2022ལོར་མཛེས་སྡུག་ལྡན་པའི་གནས་འཕྲོད་དཔེ་སྟོན་གྲོང་ཚོ་15དང་2023ལོའི་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་པའི་གནས་འཕྲོད་གྲོང་ཚོ་10ཡི་འདུན་ཞུའི་ལས་དོན་ལ་མཆན་བཀོད་བཀའ་ལན་ཐོབ་པ་རེད། གཞན་ཡང་། སྒེར་རྩེ་རྫོང་གི་ཚྭ་མཚོ་གྲོང་ཚོ་དང་འཆམ་གུག་གྲོང་ཚོའི་སྡོད་ཁང་དང་གྲོང་ཚོ་དེང་རབས་ཅན་དུ་སྐྲུན་པའི་ཚོད་ལྟའི་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་བ་དང་། དེའི་ལེ་ལག་ཚང་བའི་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་2024ལོའི་མ་འཇོག་འཆར་གཞིའི་ནང་བཅུག་ཡོད།

    གྲོང་གསེབ་བཅོས་སྐྱོང་ཏན་ཏིག་བྱས་པ།

    གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་མཐའ་འཁྱོངས་བྱས་ནས། གྲོང་གསེབ་བཅོས་སྐྱོང་གི་ལས་ཀའི་ལམ་སྲོལ་བཙུགས་ཤིང་། རིམ་རྩིས་བྱས་ན། རྒྱལ་ཁབ་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་རྫོང་1དང་རྒྱལ་ཁབ་ཀྱི་གྲོང་གསེབ་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་1 རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་ཤང་གྲོང་1དང་དཔེ་སྟོན་གྲོང་ཚོ་25འཛུགས་གཏོད་བྱས་ཡོད་པ་རེད། 2023ལོར་མ་དངུལ་སྒོར་དུང་ཕྱུར་2.76བཏང་བའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ཁག་13ཚང་མ་ལས་འགོ་བཙུགས་པ་དང་། ཁྱིམ་ཚང་གསང་སྤྱོད་562སྒྱུར་བཀོད་བྱས་པ། “བཞི་གཙང་གཉིས་བཅོས”གཙོ་གནད་དུ་བྱེད་པའི་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་རྒྱུན་རྣམ་ཅན་བཞིན་སྤེལ་བ། མིག་སྔའི་བར་གཅིག་སྡུད་གཙང་སྦྲ་ཐེངས་5དང་རྒྱུན་གཏན་གྱི་གཙང་སྦྲ་ཐེངས་880ལྷག་ཙམ་བྱས་པར་མི་ཐེངས་43941ཞུགས་ཡོད་པ་དང་དུད་ཚང་22736ལ་མི་ཕྱུགས་སྒོ་ར་ལོགས་དབྱེའི་གསལ་ཐོ་བཟོས་ཡོད་པ་རེད།

    ད་ལྟ་མངའ་རིས་སུ་སྐྱོད་སྐབས། མཛེས་སྡུག་ལྡན་པའི་གནས་འཕྲོད་གྲོང་གསེབ་ཀྱི་རྣམ་པ་གསར་པ་མང་པོ་རིམ་བཞིན་ང་ཚོའི་མིག་ལམ་དུ་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།