དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་ཀྱི་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁག་30ལྷག་གིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-19

    གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་ཀྱིས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁག་30ལྷག་བསྐྲུན་པར་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་11.1%ཟིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་མིག་སྔར“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁག་30ལྷག་བསྐྲུན་ཞིང་། རྟེན་གཞི་དེ་དག་ཏུ་མི་1040ལས་ཞུགས་ཐུབ་ནས་ཟིན་ཐོ་གསར་པ་བཏོད་པ་དང་། གཞི་ཁྱོན་ཆེ་བའི“མི་བརྒྱའི་ཚོགས་པ”ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཐབས་ལམ་ཐོག་མར་བཏོན་པར་ལྗོངས་ཕྱིར་མཐོ་སློབ་ཀྱི་སློབ་མ་3605ལས་ཞུགས་ཐུབ་སྟེ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་11.1%ཟིན་ཡོད། གཞན་ཡང“ཕྱིར་སྐྱོད་ལས་ཞུགས”དེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་གལ་ཆེན་དུ་གྱུར་པ་རེད།

    “ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་གྱི་ཐ་སྙད་ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མར་བཏོན་ཞིང་། 2023ལོའི་ཟླ་9ཚེས་27ཉིན་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་དེ་ཧུའུ་ནན་ཞིང་ལས་ཚོགས་པར་སྒོ་བྱང་བཀལ་ནས་བཙུགས་པ་མ་ཟད། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་6གིས་ཧུའུ་ནན་དུ་མི་ཚེའི་ངོ་མཚར་གསར་པ་ཡང་རྩོམ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།