ཆབ་མདོ་གྲོང་ཁྱེར་གྱིས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“345ལས་ཀའི་བྱ་ཐབས”དམ་འཛིན་བྱ་གཞིར་བྱས་ནས“ལམ་སྲོལ་ཁག་གསུམ”འཛུགས་པ་དང་། “བྱ་སྤྱོད་ཁག་བཞིར”ཤུགས་སྣོན། “བྱ་ཐབས་ཁག་ལྔ”དོན་འཁྱོལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དག་ཐེར་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
“ལམ་སྲོལ་ཁག་གསུམ”བཙུགས་ཏེ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་མཉམ་དུ་བཏོན་ཞིང་། ཕན་ཚུན་གཞོགས་འདེགས་དང་ལྟ་སྐུལ་མཉམ་ཁྲིད་བྱེད་པའི“ABགནས་གསབ”ལམ་སྲོལ་བཙུགས་ནས་སློབ་སྦྱོང་ལ་ཞུགས་མཁན་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་སྣེ་ཁྲིད་དེ་ཞིབ་བཤེར་དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ“རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི”ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་དོགས་གནད་སེལ་བ་དང“འགན་གཙང་ལེན་དང་མཛུབ་ཁྲིད”ཀྱི་ལམ་སྲོལ་བཙུགས་ཏེ་འགན་གཙང་ལེན་ཚོགས་ཆུང་6ཆགས་པར་བྱས་ནས་ཚན་པ་ཁག་གིས་དག་ཐེར་དང་བཅོས་སྒྲིག་བྱེད་རིང་འཕྲད་པའི་སྲིད་ཇུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གནད་དོན་གྱི་དོགས་གནད་སེལ་བ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ། དྲ་ཐོག་དང་དྲ་ཕྱི་དུས་གཅིག་ཏུ་སྐུལ་སྤེལ་གཏོང་བའི“སྐུལ་འདེད་དང་དྲན་སྐུལ”ལམ་སྲོལ་བཙུགས་ཏེ་ལས་དོན་གལ་ཆེན་རིགས་གཟའ་འཁོར་རེར་རྗེས་སྙེག་རེ་དང་སྙན་སེང་རེ་དང་། རྒྱུན་གཏན་གྱི་ལས་འགན་ཟླ་རེར་བཀོད་གཏོང་རེ་དང་དཔྱད་དཔོག་རེ། ཕྱོགས་བསྡུས་འཕེལ་རིམ་ཟླ་རེར་ཕྱོགས་སྡོམ་རེ་དང་ཕྱིར་མིག་རེ་ལྟ་བ་བཅས་བྱས་ཏེ་གོང་འོག་མཉམ་འགུལ་གྱི་དག་ཐེར་བཅོས་སྒྲིག་བྱས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པ་རེད། མིག་སྔའི་བར། གནད་དོན་གྱི་གསལ་ཐོ་ཁག་གསུམ་ལ་དམིགས་ནས་བཟོ་བཅོས་བསམ་འཆར་130ལྷག་ཙམ་ལ་ཚུར་ལན་སྤྲད་པ་རེད།
“བྱ་སྤྱོད་ཁག་བཞིར”ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཀྱི་དག་ཐེར་ཐད་ནུས་ཤུགས་མཉམ་དུ་བཏོན་ཞིང་། བཀོད་སྒྲིག་བྱེད་པའི་ཐད་བྱ་སྤྱོད་སྤེལ་ནས་སློབ་སྦྱོང་ལ་ཞུགས་མཁན་ཚན་པ་ཁག་གིས“གནད་དོན་གཅིག་ལ་བྱེད་ཐབས་ཆ་ཚང་རེ་དང་། འགོ་ཁྲིད་རེ། ལས་དོན་ཆེད་སྒྲུབ་ཚན་ཁག་རེ། ཞིབ་ཕྲའི་འགན་འཁུར་བ་རེ”བཅས་ཀྱི་ཚད་གཞི་ལྟར་གནད་དོན་དག་ཐེར་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བར་ལྟ་སྐུལ་དང་། ཞིབ་དཔྱད་ཀྱི་འགག་སྒོ་ནན་པོ་སྲུང་བའི་ཐད་བྱ་སྤྱོད་སྤེལ་ནས“དཔྱད་ཡིག་ཀློག་བཤེར+ཚོགས་ཆུང་གི་ཐོག་མའི་ཞིབ་དཔྱད+གཅིག་སྡུད་ཞིབ་དཔྱད+བབ་བསྟུན་བཀོད་གཏོང”བཅས་ཀྱི་བྱེད་ཐབས་སྤྱད་དེ་གནད་དོན་གྱི་གསལ་ཐོར་གཅིག་སྡུད་ཞིབ་བསྡུར་ཐེངས་5བྱས་པ་དང་། གནད་དོན་བཙལ་འཚོལ་བྱས་རིགས་ཚད་གཞི་དང་མི་མཐུན་པ་དང་། གནད་དོན་དབྱེ་ཞིབ་ལ་ཞིབ་འཇུག་གཏིང་ཟབ་བྱས་མེད་པ། དག་ཐེར་བྱེད་ཐབས་ཏན་ཏིག་མ་བྱུང་བ་སོགས་ཀྱི་གནད་དོན་ཐད་དུས་ཐོག་ཏུ“བཅོས་སྐྱོར”དང“གསབ་སྐྱོར”བྱེད་དགོས་པའི་བླང་བྱ་བཏོན་པ། བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཐད་བྱ་སྤྱོད་སྤེལ་ནས་གཟའ་འཁོར་རེར་དྲན་སྐུལ་དང་། ཟླ་ཕྱེད་ལ་བཀོད་གཏོང་། དུས་བཀག་ལྟར་བརྡ་ཁྱབ། རྗེས་སྙེག་ཕན་འདྲི་སོགས་ཀྱི་བྱ་ཐབས་སྤྱད་དེ་གནད་དོན་གྱི་གསལ་ཐོ་དག་ཐེར་བྱས་ཚུལ་བཀོད་གཏོང་ཐེངས་3བྱས་པ་དང་། ཁག་གསུམ་པའི་གྲོང་ཁྱེར་དང་རྫོང(ཆུས)ཀྱི“ཚན་ཁག་ཆེན་པོ་བཞི”དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་གནད་དོན་ཁག་279ཡོད་པ་ནས་གནད་དོན་ཁག་201ཐོ་ཁོངས་ནས་བསུབས་ཏེ་དག་ཐེར་བྱེད་ཚད་72%ཟིན་པ། གཞི་རིམ་དུ་མཛུབ་ཁྲིད་བྱེད་པའི་ཐད་བྱ་སྤྱོད་སྤེལ་ནས་སྤྱོད་ཚུལ་གཞུང་དོན་ཁང་དང་གྲོང་སྡོད་གཞུང་དོན་ཁང་དང་མཉམ་དུ་ལས་དོན་མི་སྣ་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་རྫོང(ཆུས)11གི་ཤང(གྲོང་རྡལ)དུ་མངགས་པར། ཁྱོན་བསྡོམས་གནད་དོན་ཁག་272ཤེས་རྟོགས་ཐུབ་པའི་ནང་གནད་དོན་ཁག་239འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་དང་། གནད་དོན་ཁག་33དུས་ཡུན་རིང་པོ་དག་ཐེར་མཐའ་འཁྱོངས་བྱས་པ་རེད།
“བྱ་ཐབས་ཁག་ལྔ”དོན་འཁྱོལ་བྱས་ནས་དག་ཐེར་གྱི་ཕན་འབྲས་དངོས་ཐོན་པའི་ཐད་རྒྱུན་མཐུད་ནུས་ཤུགས་མཉམ་དུ་བཏོན་ཞིང་། འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་དག་ཐེར་བྱས་ནས་དག་ཐེར་བཅོས་སྒྲིག་ལས་དོན་ཧྲུའུ་ཅིས་སྣེ་ཁྲིད་དེ་དམ་འཛིན་དང་ཧྲུའུ་ཅི་ངོ་མས་དམ་འཛིན་བྱེད་པའི“ཧྲུའུ་ཅིའི་རྣམ་གྲངས”ལ་བརྩིས་ནས“གནད་དོན་ཁག་གཅིག་ཐག་གཅོད་བྱས་མཐར་ཉམས་མྱོང་ཁག་གཅིག་ཕྱོགས་སྡོམ་དང་སྤུས་རྟགས་ཁག་གཅིག་གཏོད་པའི”དཔེ་སྟོན་ཕན་འབྲས་ཏན་ཏིག་ཐོན་པར་བྱས་པ་དང་། རྒྱུན་རྣམ་དང་ཕུགས་ཕན་ཟུང་འབྲེལ་གྱིས་དག་ཐེར་བྱས་ནས་ལམ་ལུགས་ཀྱི“འཛུགས་བཅོས་འདོར་གསུམ”གྱི་ལས་དོན་གཏིང་ཟབ་སྤེལ་ཞིང་། མིག་སྔའི་བར། ཁག་དང་པོ་དང་གཉིས་པའི་གྲོང་ཁྱེར་དང་རྫོང(ཆུས)རིམ་པའི་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་རྣམ་གྲངས་80ཡོད་པ། གོང་འོག་མཉམ་འགུལ་གྱིས་དག་ཐེར་ལ་སྐུལ་ལྕག་བཏང་སྟེ་ལྟེ་བའི་ལས་འགན་ལ་དམིགས་པ་དང་སྒོ་ཕྱེ་ནས་དག་ཐེར་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་མཐའ་འཁྱོངས་བྱས་ནས་རིམ་ཁག་སྡེ་ཚན་ཁག་གིས་དག་ཐེར་ལས་དོན་ལ་དམ་འཛིན་བྱེད་པའི་སྤྲོ་སེམས་ནུས་ལྡན་འཕེལ་བར་བྱས་པ། ཞིབ་བཤེར་གཏིང་ཟབ་ཀྱིས་མཉམ་དུ་དག་ཐེར་བྱས་ནས་ཚན་པ་དང་སྡེ་ཚན་མང་པོས་མཉམ་དུ་བཅོས་སྒྲིག་བྱེད་དགོས་པའི་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་འགན་འཁྲིའི་ཚན་པ་དང་པོ་འཕྲལ་མར་གཏན་འཁེལ་བྱས་ནས་མཐུན་སྦྱོར་སྤྱི་འདོམས་དང་དག་ཐེར་རྒྱུན་རྣམ་དང་ཕུགས་ཕན་ཡོང་བར་སྐུལ་འདེད་བཏང་བ། བྱ་སྤྱོད་གསར་གཏོད་ཀྱིས་དམ་པ་དོན་གཉེར་ངང་དག་ཐེར་བྱས་ཏེ“བློ་ལ་བབ་པའི་ལས་དོན་3དང་བློ་ལ་དེ་ཙམ་མ་བབ་པའི་ལས་དོན་3”གསར་གཏོད་ལག་བསྟར་བྱས་ནས་བློ་ལ་དེ་ཙམ་མ་བབ་པའི་ལས་དོན་3དག་ཐེར་ཁྱབ་ཁོངས་སུ་བཅུག་པ་རེད། མིག་སྔའི་བར། བློ་ལ་དེ་ཙམ་མ་བབ་པའི་ལས་དོན་ནས་གནད་དོན་ཁག་240ཐོན་པ་ནས་གནད་དོན་ཁག་113འཕྲལ་སྒྲུབ་འཕྲལ་བཅོས་བྱས་པ་དང་། གནད་དོན་ཁག་127དུས་ཡུན་རིང་པོ་དག་ཐེར་མཐའ་འཁྱོངས་བྱས་ཏེ“གནད་དོན་གྱི་གསལ་ཐོ”དང་། “དག་ཐེར་གྱི་གསལ་ཐོ”“འགན་འཁྲིའི་གསལ་ཐོ” “ལས་ཀའི་གསལ་ཐོ”བཅས“ཕན་འབྲས་ཀྱི་གསལ་ཐོར”བསྒྱུར་པ་རེད།