དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཡུལ་མི་རྣམས་ཕྱུག་པོར་འགྱུར་ཐུབ་པ་དེ་ལག་རྩལ་ཡག་ཤོས་ཤིག་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅ་ཧྥེང་ཧྥེང་།   |     སྤེལ་དུས།  2024-01-18

    ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྩྭ་ཐང་ཐོག་སུང་རེན་ཏེ་དང་ལས་རོགས་ཚོས་འབྲི་གཡག་ཚང་མའི་ཆེ་ཆུང་དང་ལྕི་ཚད་འཇལ་བ་སོགས་ཀྱི་ལས་ཀ་ཧུར་ཐག་སྒྲུབ་བཞིན་མཆིས།

    སུང་རེན་ཏེ་ནི་ཡུལ་ཤུལ་ཀྲོའུ་སྲོག་ཆགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་དང་རྒྱལ་ཁབ་བཤས་ཕྱུགས་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་ཡུལ་ཤུལ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲེན་ཀྲང་ཡིན་ཞིང་། ད་ལོ་ནི་ཁོང་གིས་ཡུལ་ཤུལ་དུ་གཞི་ཚུགས་ནས་ལས་ཀ་བྱས་པའི་ལོ་སོ་བརྒྱད་པ་དེ་རེད། སློབ་ཆེན་མཐར་ཕྱིན་རྗེས་སློབ་གྲྭར་ལས་ཀ་སྒྲུབ་པའི་གོ་སྐབས་དོར་བ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་རྗེས་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞིའི་གདན་ཞུ་དང་ལེན་མ་བྱས་པར་བློ་ཐག་ཆོད་པོས་ཡུལ་ཤུལ་དུ་ལོག་པ་རེད། ཁོང་གིས“ངས་ཡུལ་མི་ཚོས་བླུགས་པའི་ཇ་ཚ་པོ་འཐུང་ཐེངས་རེ་དང་ས་མཐོའི་འགྲོ་ལམ་དུ་སྐྱོད་རིམ་བཞིན། ཡུལ་ལུང་འདིར་རིམ་བཞིན་འཕོ་འགྱུར་ཡག་པོ་ཕྱིན་པ་མཐོང་སྐབས། རང་ཉིད་དང་ཡུལ་མི་ཚོའི་དབར་གྱི་བརྩེ་སེམས་སྤྱིར་བཏང་མིན་པ་ཚོར་བྱུང”ཞེས་སུང་རེན་ཏེས་བཤད།

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་དུ་གནས་པའི་ཧན་ཐའེ་གྲོང་ཚོ་ནི་སུང་རེན་ཏེ་ཡི་ཕ་ཡུལ་ཡིན་པ་རེད།

    ཁོང་ལ་མིང་སྲིང་བདུན་ཡོད་པ་དང་། དུས་རབས་གོང་མའི་ལོ་རབས་70པར་ལོ་ན་ཆུང་བའི་སུང་རེན་ཏེས་འུར་རྡོ་ཁྱེར་ནས་ཐོན་སྐྱེད་རུ་ཁག་གི་ཕྱུགས་ཟོག་འཚོ་འགོ་ཚུགས་ཤིང་། དེ་ལ་བརྟེན་ནས་སུང་རེན་ཏེ་འབྲོག་ལས་ཆེད་ལས་ལ་བརྩེ་དུང་ཟབ་མོ་ཆགས་ཡོད། མཐོ་རྒྱུགས་ཀྱི་རེ་འདུན་ཐོ་འགོད་བྱེད་སྐབས་སུང་རེན་ཏེས་མཚོ་སྔོན་འབྲོག་ལས་ཕྱུགས་རིགས་སྨན་པའི་སློབ་གླིང(ད་ལྟའི་མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང)བདམས་པ་རེད། 1986ལོའི་ཟླ་7པར་སུང་རེན་ཏེས་སློབ་གྲྭར་དགེ་རྒན་བྱེད་པའི་གོ་སྐབས་དོར་ནས་སྤྱི་ལེ་སྟོང་གི་སར་ཡོད་པའི་ཡུལ་ཤུལ་དུ་ལས་ཀ་བྱེད་པར་བསྐྱོད་པ་རེད།

    “ཉེ་འཁོར་ནི་མི་མེད་ལུང་སྟོང་གི་རི་ཚོགས་དང་བགྲོད་ལམ་ནི་ཁོད་མི་སྙོམས་པ་ཞིག་ཡིན་པ་མ་ཟད། ཁང་པ་གོག་ཧྲུལ་དང་ཐར་ཐོར་དུ་སྐྱེས་པའི་སྡོང་པོ་ནི་སྐབས་དེའི་ཡུལ་ཤུལ་གྱི་ཁྲོམ་གཞུང་རེད” དེ་དུས་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད། དེ་ནས་ལམ་སེང་ལས་འགན་སྤྲད་པ་སྟེ། སྐབས་དེར་རྒྱལ་ཁབ་ཀྱིས་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་བརྟག་དཔྱད་དང་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ས་ཁོངས་དབྱེ་འབྱེད་ལས་དོན་ཐེངས་དང་པོ་སྤེལ་བཞིན་ཡོད་ཅིང་། ངས་སྔོན་ལ་རྫ་སྟོད་རྫོང་དང་གཞོགས་འདེགས་བྱས་ཏེ་ས་ཁོངས་དབྱེ་འབྱེད་ཀྱི་ནང་ཁུལ་ལས་དོན་བསྒྲུབས་པ་ཡིན། ལོ་གཉིས་པར་ཆུ་དམར་ལེབ་རྫོང་གི་འབྲོག་ལས་ཐོན་ཁུངས་བརྟག་དཔྱད་དང་ས་ཁོངས་དབྱེ་འབྱེད་ཀྱི་འབྲོག་ལས་ཐོན་སྐྱེད་ཀྱི་ངོ་བོར་ཚད་འཇལ་གཏན་འཁེལ་དང་སྙན་ཞུ་འབྲི་བ་སོགས་ཀྱི་ལས་འགན་ཁུར་བ་ཡིན་ཞེས་སུང་རེན་ཏེས་ཕྱིར་དྲན་བྱས་ནས་བརྗོད།

    1995ལོའི་དབྱར་ཁའི་ཞོགས་པ་ཞིག་ལ། གཞི་རིམ་དུ་སྐྱོད་པའི་སུང་རེན་ཏེ་ལ་བརྡ་ཐོ་ཞིག་འབྱོར། ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་འགྲོ་བའི་རྣམ་གྲངས་ལ་མི་བསྡུ་བཞིན་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་ལས་དོན་པས་སུང་རེན་ཏེ་ཡིས་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པས་ཁོང་དང་འབྲེལ་བ་བྱས།

    དེ་དུས་སུང་རེན་ཏེ་ཡིས་ཡུལ་ཤུལ་དུ་ལས་ཀ་བྱས་ནས་ལོ་11སོང་བ་དང་ལས་ཀའི་ཉམས་མྱོང་མི་ཉུང་བ་ཞིག་བསགས་ཡོད། འོན་ཀྱང་དཀའ་གནད་ཀྱང་མི་ཉུང་བ་ཞིག་འཕྲད་པ་སྟེ། དཔེར་ན་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པར་གསོ་སྤེལ་ཇི་ལྟར་བྱེད་དགོས་པ་ལྟ་བུ་སོགས་རེད།

    ཕྱི་རྒྱལ་དུ་ཟབ་སྦྱོང་བྱས་རྗེས། སུང་རེན་ཏེ་ཡིས་སྔོན་ཐོན་གྱི་འབྲོག་ར་དང་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་མཐོང་བར་བརྟེན། ཁོང་གིས་ངེས་པར་དུ་སྔོན་ཐོན་གྱི་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    ལོ་གཅིག་གི་ཟབ་སྦྱོང་དུས་ཚོད་ཐིམ་རྗེས། ཁོང་གིས་མུ་མཐུད་རབ་འབྱམས་ནས་འབུམ་རམས་པའི་རྒྱུགས་སྤྲད་དེ་མཐར་འབུམ་རམས་པའི་སློབ་གནས་ཐོབ། ཡུད་ཙམ་ཞིག་ནང་སློབ་གྲྭ་ཐོན་ལ་ཉེ་བས་སློབ་དཔོན་གྱིས་སུང་རེན་ཏེར་སློབ་གྲྭར་བསྡད་ནས་མུ་མཐུད་དགེ་རྒན་བྱེད་པའི་གདན་ཞུའི་ཡི་གེ་བཏང་། འོན་ཀྱང་སུང་རེན་ཏེས“ངའི་ཞིབ་འཇུག་ཁྱབ་ཁོངས་དེ་གཙོ་བོ་མཚོ་བོད་ས་མཐོ་ཡིན་པས་ངེས་པར་དུ་ཕ་ཡུལ་ལ་ལོག་གི་ཡིན”ཞེས་བཤད།

    ལོ་མང་རིང་སུང་རེན་ཏེས་ཚོགས་པའི་སྣེ་ཁྲིད་དེ་ཡུལ་ཤུལ་དུ་རྒྱལ་ཁབ་ཀྱི་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་གི་དཔེ་སྟོན་རྟེན་གཞི་18བཙུགས་པ་དང་ཁོང་གི་ཞིབ་འཇུག་གྲུབ་འབྲས་ལས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་། ས་གནས་ས་ཐོག་གི་དཔེ་སྟོན། རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་ལས་ལག་རྩལ་གྱི་ཞབས་འདེགས་ཞུས་ཤིང་། སུང་རེན་ཏེ་དང་ཚོགས་པས་འབྲོག་པ་ཁྲི་ལྷག་ཙམ་གྱི་གསོ་སྤེལ་བྱེད་སྟངས་བསྒྱུར་བ་དང་གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་ནས། འབྲོག་པ་མང་ཚོགས་ལ་དེང་རབས་འབྲོག་ལས་ཀྱི་ཚན་རྩལ་གསར་པ་ལས་བྱུང་བའི་འགྱུར་ལྡོག་བཟང་པོ་དངོས་འབྲེལ་ཚོར་ཐུབ་པར་བྱས་ཡོད།

    “རྩྭ་ཐང་དང་ནོར་ལུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་ཡིན་པས་ང་ཚོས་སེམས་ནུས་ཡོད་རྒུ་མ་བཏོན་ན་ག་ལ་འགྲིག ཡུལ་མི་རྣམས་ཕྱུག་པོར་འགྱུར་ཐུབ་པ་དེ་ལག་རྩལ་ཡག་ཤོས་ཤིག་རེད་སྙམ་གྱི་འདུག”ཅེས་སུང་རེན་ཏེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།