དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་བཞི་མཉམ་དུ་སྐོར་གཡེང་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་2ཙམ་མི་ཕོག་པར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-18

    2011ལོར་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིས་གསར་གཏོད་རང་བཞིན་གྱིས་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལམ་སྲོལ་བཙུགས་པ་དང་འབྲེལ་ལོ་དེའི་ཟླ་12ཚེས་10ཉིན་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་དང་པོ་སྤེལ་བ་རེད། ལོ་12རིང་རྒྱལ་ཁབ་བཞི་མཉམ་དུ་སྐོར་གཡེང་བྱས་ནས་ཉེན་ཁ་འཕྲད་པའི་ཚོང་གྲུ་ཐེངས་200ལྷག་ཙམ་ལ་རོགས་སྐྱོབ་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་མི་དམངས་ཤོག་སྒོར་དུང་ཕྱུར་2ཙམ་མི་ཕོག་པ་བྱས་ཡོད།

    2023ལོའི་ཟླ་3ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་50ཡི་ཐོག་ལས་འགན་ཐེངས་127པ་སྒྲུབ་བཞིན་པའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་དཔུང་རུར་རྒྱལ་ཁོངས་ལོ་སི་ནས་ཡིན་པའི“འབྲུག་རྒོད་0038རྟགས་ཅན”གྱི་ཚོང་གྲུ་ལོ་སིའི་པན་ཤང་ཀོའི་ཆུ་ཁོངས་སུ་ཉེན་ཁ་འཕྲད་ནས་གནས་ཚུལ་ཛ་དྲག་པོ་འདུག་པས་རོགས་སྐྱོབ་བྱེད་དགོས་པའི་ཉེན་བརྡ་འབྱོར་བ་རེད། མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་དཔུང་རུའི་བཀོད་འདོམས་སུའོ་ཡིས་འཕྲལ་མར་རོགས་སྐྱོབ་བྱེད་དགོས། བཀའ་རྒྱ་བཏང་ནས་ཀྲུང་གོ་དང་ལོ་སིའི་ཕྱོགས་ཀྱི་ཁྲིམས་སྒྱུར་རུ་མི་11གིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ཆུ་ཚོད་གཅིག་གི་རྗེས་སུ་གྲུ་པ་8དང་ཚོང་གྲུ་གྲུབ་འབྲས་ཐོབ་པའི་ངང་ཉེན་ཁ་ལས་བསྐྱབས་པ་རེད།

    ལོ་12རིང་རྒྱལ་ཁབ་བཞི་ཡིས་མེ་ཀུང་གཙང་པོའི་རྒྱུད་དུ་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་136སྤེལ་ཞིང་། ཆུ་དང་སྐམ་སའི་ཞིབ་བཤེར་འཛིན་བཟུང་དང་སྐོར་གཡེང་སོགས་མཉམ་འབྲེལ་བྱ་སྤྱོད་ཐེངས་200ལྷག་ཙམ་སྤེལ་བ་དང་། མཉམ་འབྲེལ་དངོས་འཐབ་ནང་སྦྱོང་ཐེངས་7བྱས་པ། མཉམ་འབྲེལ་ཁྲིམས་སྒྱུར་རུ་མི་མི་ཐེངས་ཁྲི་གཉིས་ཙམ་བཏང་བ་བཅས་རེད། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་གི་ཁྲིམས་སྒྱུར་བྱས་པ་ནས་བཟུང་ཀྲུང་གོས་ལོ་སི་དང་། འབར་མ། ཐེ་ལན་བཅས་རྒྱལ་ཁབ་གསུམ་ལ་ཁྲིམས་སྒྱུར་མི་སྣ་600ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།