དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོ་དང་ཁམ་ཕུ་ཁྲེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོ་ཁམ་ཕུ་ཁྲེར་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-18

    ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་གྲོང་ཁྱེར་ཤན་ལི་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར“ཀྲུང་གོ་དང་ཁམ་ཕུ་ཁྲེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”འགོ་ཚུགས་མཛད་སྒོ་ཁམ་ཕུ་ཁྲེའི་གྲོང་ཁྱེར་ཤན་ལིར་གཉེར་བ་དང་མཛད་སྒོའི་ཐོག་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས“ཀྲུང་གོ་དང་ཁམ་ཕུ་ཁྲེའི་མི་ཆོས་རིག་གནས་སྤེལ་རེས་ལོར”སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད།

    ཧུང་མཱ་ནའེ་ཡིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི“ཕ་ལམ་ཟུར་དྲུག”གི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་གྱི་ཡིན། 2024ལོར་ཁམ་ཕུ་ཁྲེས་ཀྲུང་གོའི་ཡུལ་སྐོར་བ་དང་མ་འཇོག་མཁན་དེ་བས་མང་བ་ཁམ་ཕུ་ཁྲེར་ཡུལ་སྐོར་དང་མ་འཇོག་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཐུན་སྒྲིལ་དང་མཛའ་གྲོགས་དང་དེ་བཞིན་ཁམ་ཕུ་ཁྲེ་དང་ཀྲུང་གོའི“ཕ་ལམ་ཟུར་དྲུག”གི་མཉམ་ལས་དེ་བས་སྟོབས་ཆེ་དང་། བརྟན་པོ། རྒྱུན་མཐུད་བཅས་ཡོང་ངེས་ཡིན་ལ། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་གཞོན་ནུའི་སྤེལ་རེས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྔར་བས་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།