དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རོགས་སྐྲུན་བྱས་པའི་ཨན་ཀོ་ལའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་རྣམ་གྲངས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ཨན་ཏ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོས་རོགས་སྐྲུན་བྱས་པའི་ཨན་ཀོ་ལའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་རྣམ་གྲངས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཉེ་ཆར་ཨན་ཀོ་ལའི་དབུས་རྒྱུད་ཀྱི་དབན་པོ་ཞིང་ཆེན་དབན་པོ་གྲོང་ཁྱེར་དུ་གཉེར་ཞིང་། ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་མཛད་སྒོར་ཞུགས་ནས་དར་ཚོན་བྲེགས་པ་རེད།

    ཨན་ཀོ་ལའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་རྣམ་གྲངས་ནི་ཀྲུང་ཏིང་རྒྱལ་སྤྱིའི་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་ཁུར་བ་དང་། ཀྲུང་གོ་མཁའ་འགྲུལ་འཆར་འགོད་ཇུས་འགོད་ཞིབ་འཇུག་སྤྱི་ཁྱབ་ཁང་གིས་འཆར་འགོད་དང་རྣམ་གྲངས་དོ་དམ་གྱི་འགན་ཁུར་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་6500ལྷག་ཟིན་པ་དང་། ས་བཟུང་རྒྱ་ཁྱོན་གྱི་སྨི་ངོས་གྲུ་ཁྲི་2ལྷག་ཙམ་ཟིན་ཞིང་། དེར་འཕྲུལ་མི་དང་། འཕྲུལ་ཆས་ལས་སྣོན། རྩིས་འཁོར། ཚད་འཇལ་དང་རླངས་འཁོར་ཉམས་བཟོ་སོགས་ཀྱི་ཚོད་ལྟ་ཁང་30དང་འཁོར་ཁང་6ཡོད། རྣམ་གྲངས་དེ་2021ལོའི་ཟླ་6ཚེས་24ཉིན་ལས་འགོ་བཙུགས་པ་དང་། 2023ལོའི་ཟླ་10ཚེས་31ཉིན་ལས་མཇུག་འགྲིལ་བ་རེད། ཀྲུང་གོ་དང་ཨན་ཀོ་ལ་ཕྱོགས་གཉིས་ཀྱིས་2024ལོའི་ཟླ་དང་པོའི་ཚེས་11ཉིན་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་ལག་ཁྱེར་ལ་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།