དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་གཞུང་ལས་ཐོག་ཁང་གི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-18

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་ཁག་དང་པོའི་གཞུང་ལས་ཐོག་ཁང་སྟར་པ་གསུམ་ལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་དེ་ཐོག་ནས། རྣམ་གྲངས་དེའི་གཞུང་ལས་ཐོག་ཁང་གི་འོས་དུམ་ལ་ཁག་དབྱེ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

    ཀྲུང་གོ་བཟོ་སྐྲུན་གྱིས་སྐྲུན་འགན་འཁུར་བའི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་དེ་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་དུས་ཐེངས་དང་པོའི་ལྟེ་བའི་ཁུལ་དུ་གནས་པ་དང་སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50.5ཙམ་ཟིན་ཡོད། རྣམ་གྲངས་དེའི་ནང་ཐོག་སོ་མཐོ་བའི་བཟོ་སྐྲུན་རྐྱང་པ་དང་དེ་བཞིན་ལེ་ལག་ཚང་བའི་གྲོང་ཁྱེར་གྱི་ལས་གྲྭ་ཚུད་ཡོད་པ་དང་། དེའི་ནང་ཐོག་སོ་མཐོ་བའི་ཚོང་ལས་གཞུང་ལས་ཐོག་ཁང་12དང་། ཐོག་སོ་མཐོ་བའི་སྤྱི་ཤག་5 རིམ་པ་མཐོ་བའི་གསོལ་མགྲོན་ཁང་2བཅས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།