དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་དུ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས“ཏན་ཏིག”གཙོ་བོར་བཟུང་ནས་འཕེལ་རྒྱས་ལ་ཞབས་འདེགས་གནད་སྨིན་ཞུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-18

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“ཏན་ཏིག”གི་བླང་བྱ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག ལྟ་ཞིབ་དག་ཐེར། འཕེལ་རྒྱས་ལ་སྐུལ་འདེད་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གནས་ཚུལ་དངོས་བརྟག་དཔྱད། བྱ་ཐབས་དངོས་འདོན་པ། གྲུབ་འབྲས་དངོས་གཏོད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་དང་དེར་འབྲས་བུ་སྨིན་པར་སྐུལ་འདེད་བཏང་ཡོད།

    རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། ས་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་། ཚོགས་ཆུང་བགོས་ཏེ་ཆེད་དོན་ཞིབ་བསྡུར། གཅིག་སྡུད་ཀྱིས་གཏམ་བཤད་སྤེལ་བ་བཅས་བྱས་པ་མ་ཟད། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཞན་དག་གིས་གཅིག་སྡུད་སློབ་སྦྱོང་བྱས་ནས“འགག་རྩའི་ཉུང་ཤས”ཀྱིས“མང་ཆེ་བར”སྐུལ་ཁྲིད་བྱས་ཡོད། མིག་སྔའི་བར་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་66གཉེར་བ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཐེངས་527བྱས་པ་རེད། སྒོ་རྩར་སློབ་སྦྱོང་དང་གུར་ནང་སློབ་སྦྱོང་ཐེངས་720བྱས་པར་ཞུགས་མཁན་མི་ཐེངས་ཁྲི་3.9ཟིན་པ་དང་ཆབས་ཅིག་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་19གདན་དྲངས་ནས་བསམ་ཕྱོགས་དང་ཉམས་མྱོང་བརྗོད་པ་དང་གནད་དོན་དང་བསམ་ཚུལ་གླེང་སྟེ་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ་དང་ཉམས་མྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད།

    བརྟག་དཔྱད་ཞིབ་འཇུག་ཐད་གནས་ཚུལ་དངོས་ལ་བརྟག་དཔྱད་བྱས་ཤིང་། ཏང་ཀྲུང་དབྱང་གི་ཕྱོགས་12ཐད་ཀྱི་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་དང་རང་སྐྱོང་ལྗོངས་ཀྱི་རིགས་ཆེན་པོ་7གྱི་རྣམ་གྲངས་24ཡི་བརྟག་དཔྱད་ཞིབ་འཇུག་གི་གཙོ་གནད་ལས་འགན་ལ་དམིགས་པ་དང་། ཉེ་བའི་ལོ་ཤས་རིང་ལས་ཀའི་ཁྲོད་ཀྱི་དཀའ་གནད་དང་། འགག་གནད། ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པའི་གནད་དོན་བཅས་ལ་དམིགས་ནས་ས་ཁུལ་རིམ་པའི་འགོ་ཁྲིད་ཚན་ཁག་གི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་12དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་227གཏན་འཁེལ་བྱས་པ་མ་ཟད། ཏང་ཨུད(ཏང་ཙུའུ)ཁག་གི་བརྟག་དཔྱད་ཞིབ་འཇུག་ཇུས་གཞིར་ཞིབ་བསྡུར་ནན་པོ་བྱས་ནས་ཁྱུ་སྒྲིག་བརྟག་ཞིབ་དང་། བརྟག་ཞིབ་ཐེངས་མང་། ཡང་སྐོར་བརྟག་ཞིབ་བཅས་མི་ཐོན་སྔོན་འགོག་བྱས་ཡོད།

    ཞིབ་བཤེར་དང་དག་ཐེར་ཐད་བྱ་ཐབས་དངོས་བཏོན་ཞིང་། ཏང་ཀྲུང་དབྱང་གིས་བཏོན་པའི་ཕྱོགས་6དང་ཞིབ་བསྡུར་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་འཕྲལ་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་མངོན་གསལ་དོད་རིགས་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་དང་འཚོལ་ཞིབ་བྱས་ནས། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་གིས་ཁྱོན་གནད་དོན་308ཞིབ་བཤེར་གསལ་སྟོན་དང་ཏང་ཡོན་སྒེར་གྱིས་གནད་དོན་1710ཞིབ་བཤེར་གསལ་སྟོན་བྱས་ཡོད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཆེད་དོན་བཅོས་སྒྲིག་3དང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ཆེད་དོན་བཅོས་སྒྲིག་6ལ་དམ་འཛིན་ཏན་ཏིག་བྱེད་པའི་རྨང་གཞིའི་ཐོག་མངའ་རིས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཐུང་ཆུའི་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་བཅོས་སྒྲིག་གི་དམིགས་ཚད་དང་། བཅོས་སྒྲིག་གི་བྱེད་ཐབས། བཅོས་སྒྲིག་གི་འགན་འཁྲི། བཅོས་སྒྲིག་གི་དུས་བཀག་བཅས་རིམ་བཞིན་ཁ་གསལ་བཟོས་ཡོད།

    འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་དངོས་བཏོད་ཅིང་། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་བཀོད་པའི”བྱེད་སྒོ་ཐེངས་1283གཏིང་ཟབ་སྤེལ་བར་མི་ཐེངས་9214ཞུགས་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཁག་635སེལ་རོགས་བྱས་པ། ཏང་ཡོན་གྱི་དཔེ་སྟོན་ལས་གནས་977བཙུགས་པ། ཏང་ཡོན་དང་ལས་བྱེད་པས་ཁས་ལེན་དང་ཁ་དན་ཚིག་གནས་ཀྱི་བྱ་བ་ཁག་2119བསྒྲུབས་པ། དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་1539སྤེལ་བར་མི་ཐེངས་9986ཞུགས་ཡོད། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་ལེན་ཤུགས་ཆེན་བསྟར་ནས་རྫོང་5རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་འཛུགས་གཏོད་བྱས་པ་དང་། རྫོང་7ལོ་གཉིས་ཀྱི་སྔ་སྣུར་དུ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་འཛུགས་གཏོད་བྱས་ཡོད། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་སེང་གེ་ཁ་འབབ་ཀྱི་བྱང་རིའི་སྔོ་འགྱུར་འདུ་འགོད་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལྗོངས་ཡོངས་ཀྱི་རྩྭ་ཐང་ཐཱན་བསྡུས་རྣམ་གྲངས་ཀྱི་ཉོ་ཚོང་ཐོག་མ་དེ་ལེགས་སྒྲུབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་3འཛུགས་གཏོད་བྱེད་པའི་ཡིག་ཐོག་སྙན་ཞུ་ཕུལ་བ་དང་ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་གྱིས་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།