དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཚོང་དོན་འགྲེམས་ཚོགས་སར་ཝ་ཏོལ་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-17

    ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། སན་སར་ཝ་ཏོལ་ནས་གནས་ཚུལ་སྤེལ་བར། ཉེ་ཆར། ཀྲུང་གོ་ཚོང་དོན་སྐུལ་འདེད་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱིས་གཉེར་འགན་འཁུར་བའི་སར་ཝ་ཏོལ་ཀྲུང་གོའི་ཚོང་དོན་འགྲེམས་ཚོགས་སྐབས་བདུན་པ་རྒྱལ་ས་སན་སར་ཝ་ཏོལ་དུ་གཉེར་ནས་ཀྲུང་གོ་དང་སར་ཝ་ཏོལ་ལ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལས་སྟེགས་བཏོད་ཡོད།

    ད་ཐེངས་ཀྱི་འགྲེམས་ཚོགས་དེ་དུས་ཡུན་ཉིན་བཞི་གཉེར་རྒྱུ་དང་། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་1500ཙམ་ཟིན་པ། ཀྲུང་གོའི་ཁེ་ལས་30ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་དེ་འཕྲུལ་ཆས་སྒྲིག་ཆས་དང་། འཁོར་རིགས། འཛུགས་སྐྲུན་རྒྱུ་ཆ། གློག་རྡུལ་འཕྲིན་གཏོང་། བཟའ་བཅའ། ལྕགས་རིགས། ཟོག་འགྲེམས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ད་དུང་ཀྲུང་གོ་དང་སར་ཝ་ཏོལ་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་གཉེར་བ་རེད།

    སར་ཝ་ཏོལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཡན་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་སར་ཝ་ཏོལ་གྱིས་རྒྱལ་ཁབ་དེང་རབས་ཅན་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་དགོས་ཀྱི་ཡོད་པས་རྒྱལ་ཁབ་གཉིས་པོ་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། ཕྱོགས་གཉིས་པོས་ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས། ཚན་རྩལ། སློབ་གསོ་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་འོག་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།