དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་འཛམ་གླིང་ཞི་བདེ་ཡོང་ཆེད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སྨི་ཀེར·ཨན་ཧེར·མོ་ལ་ཏི་ནོ་སི།   |     སྤེལ་དུས།  2024-01-17

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཉིན་ནས་བཟུང་གལ་འགངས་ཆེ་ལ་གཏིང་ཟབ་པའི་འཛམ་གླིང་གི་དོན་སྙིང་ལྡན་ཡོད། གྲོས་འགོ་དེས་གསར་གཏོད་རང་བཞིན་གྱི་སྒོ་ནས་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དུས་རབས་ཀྱི་སྙིང་སྟོབས་དང་མི་ཆོས་རིག་གནས་ཀྱི་ནང་དོན་གསར་པ་བསྣན་ཡོད། མིག་སྔར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལོ་10ལྷག་ཙམ་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་ཕྱོགས་ཁག་གི་སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར་བཅས་ལ་སྐུལ་འདེད་བཏང་བ་མ་ཟད། དམངས་སེམས་གཅིག་མཐུན་ལའང་སྐུལ་མ་བཏང་ནས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་དམངས་དབར་སྤེལ་རེས་བྱེད་པར་གོ་སྐབས་བཏོད་ཡོད། གྲོས་འགོ་དེར་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་ས་ཁུལ་དུ་གཡུར་ཟའི་གྲུབ་འབྲས་ཐོབ་པ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་སྤེལ་རེས་སོགས་ཕྱོགས་གང་ཅིའི་ཐད་ནས་གང་ལེགས་མངོན་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་མཉམ་འབྲེལ་རྒྱལ་ཚོགས་ཤེས་དཔལ་མནའ་འབྲེལ་གྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གྲོས་འགོ་དེ་གཉིས་པོས་འཛམ་གླིང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་། ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག ཤེས་དཔལ་བསྟུན་མཁས་མཉམ་གནས་བཅས་བྱ་རྒྱུར་ཕན་ཐོགས་པ་མ་ཟད། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བར་གནས་པའི་ཕྱོགས་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བའང་ཕན་ཐོགས་ཡོད།

    ཡོ་རོབ་དང་ཀྲུང་གོ་དང་། ནུབ་ཕྱོགས། ཤར་ཕྱོགས་བཅས་ཀྱི་རིག་གནས་སྤེལ་རེས་ལས་ཕྱོགས་གཉིས་པོར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་ཡོད། མཱ་ཁོ·པོ་ལོའི་དུས་རབས་ནས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་དེ་ཚོང་དོན་ནས་ཚན་རིག་དང་། མཚན་ཉིད་རིག་པ། སྒྱུ་རྩལ་སོགས་ཁྱབ་ཁོངས་ཁག་ཏུ་སྣུར་བསྲིང་བྱས་ཡོད།

    (རྩོམ་པ་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཤེས་དཔལ་མནའ་འབྲེལ་གྱི་མཐོ་རིམ་འཐུས་མི་སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་ཡིན་པ་རེད)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།