དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨ་མདོ་རྫོང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྔར་བས་ཏན་ཏིག་སྤེལ་ནས་མི་སེམས་སུ་ཟུག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-17

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་སོགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་དང་། ནག་ཆུ་གྲོང་ཨུད་ཀྱིས“དཔེ་སྟོན་གྲོང་ཁྱེར་བཞི”འཛུགས་གཏོད་བྱེད་པར་བསམ་བློའི་འགན་ལེན་བརྟན་པོ་དང་། རིག་གནས་ཀྱི་འདེགས་སྐྱོར། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱས་ཡོད།

    རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཞིང་། ཨ་མདོ་རྫོང་གིས་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་330ལྷག་ཙམ་འཚོགས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དཔུང་ཁག་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་སྒྲོག་འགྲེལ་ཐེངས་3800ལྷག་ཙམ་བྱས་པ་དང་། མཉམ་འགུལ་སྤེལ་རེས་བྱེད་རིང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་འདྲིས་ཟབ་མོས་ཏང་གི་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་སྒྲོག་འགྲེལ་བྱས་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    བརྗོད་དོན་གཙོ་བོའི་གཙོ་རྐང་ཁ་གསལ་བཟོས་ནས“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ཨ་མདོ་རྫོང་གི་རྫོང་ཡོངས་དང་ཁྱབ་ཁོངས་ཁག་གིས་བརྗོད་དོན་གཙོ་བོ་མང་པོ་དང་རྣམ་པ་མང་པོར་བརྟེན་ནས“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད”ཅེས་པའི་ཆེད་དོན་བྱེད་སྒོ་དང་དེ་བཞིན་ཁྱད་ལྡན་འགྲན་བསྡུར་ཐེངས་1956ཙམ་བྱས་པར་མི་ཐེངས་ཁྲི་2.8ལྷག་ཙམ་ཞུགས་པ་དང་། བྱེད་སྒོར་ཞུགས་མཁན་མི་ཐེངས་བསྡོམས་འབོར་ཁྲི་21ཟིན་པ་དང་ཕུལ་བྱུང་འགྲན་ཞུགས་པ་མི་ཐེངས་8041ལ་གཟེངས་བསྟོད་བྱས་པ་རེད། ལྷ་ས་གྲོང་ཁྱེར་མེ་འཁོར་འབབ་ཚུགས་སུ“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད”ཅེས་པའི་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་དང་གྲོང་སྡོད་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ་ཏེ་རིམ་རྩིས་བྱས་ན་ཐོན་རྫས་སྣ་ཚོགས་271བཙོངས་པ་རེད། མིག་སྔའི་བར། ཨ་མདོ་རྫོང་གིས་རིམ་རྩིས་བྱས་ན་ཚོང་འདུས་སྣ་ཚོགས་ཐེངས་69གཉེར་ཏེ་འབྲོག་ལས་ཐོན་རྫས་དང་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བཙོངས་པར་དངུལ་འབོར་སྒོར་ཁྲི་1611.68ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།