དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་མི་རིགས་སྨན་རྫས་ཀྱི་དེབ་འཛིན་སྨན་སྦྱོར་བའི་ཐོབ་ཐང་ལམ་ལུགས་ཐོག་མ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-17

    བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ལྗོངས་མི་སྤྱི་ཐིང་དང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་དེབ་འཛིན་སྨན་སྦྱོར་བའི་ལས་རིགས་ཐོབ་ཐང་ལམ་ལུགས་སྐོར་གྱི་གཏན་འབེབས(ཚོད་བསྟར)》དང《བོད་སྨན་གྱི་དེབ་འཛིན་སྨན་སྦྱོར་བའི་ཐོབ་ཐང་རྒྱུགས་ལེན་ལག་བསྟར་བྱེད་ཐབས(ཚོད་བསྟར)》བཏོན་པ་འདི་ནི་རྒྱལ་ཡོངས་ཀྱི་མི་རིགས་སྨན་རྫས་ཀྱི་དེབ་འཛིན་སྨན་སྦྱོར་བའི་ཐོབ་ཐང་ལམ་ལུགས་ཐོག་མ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལུགས་གསོ་རིག་རྒྱུན་འཛིན་ཐད་གསར་གཏོད་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་མཚོན་ན། ལམ་ལུགས་དེ་ལག་བསྟར་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    གོམ་སྟབས་རྗེས་མར། ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ལྗོངས་མི་སྤྱི་ཐིང་དང་མཉམ་དུ་བོད་སྨན་གྱི་དེབ་འཛིན་སྨན་སྦྱོར་བའི་ཐོབ་ཐང་ཁས་ལེན་དཔང་འདོན་ལས་དོན་ལ་སྐུལ་འདེད་གང་མགྱོགས་བཏང་ནས། བོད་ལུགས་གསོ་བ་རིག་པའི་ཆེད་ལས་ལག་རྩལ་པའི་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་ལུགས་གསོ་བ་རིག་པའི་ཆེད་ལས་ལག་རྩལ་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས། བོད་ཀྱི་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།