བོད་ལྗོངས་ལྷ་ས་ནས་ལྷོ་ཁ་བར་གྱི་ཤུགས་འགྲེམས་མེ་འཁོར་གཏོང་ཐེངས་མང་དུ་བཏང་བ།
ཉིན་ཤས་གོང་གསར་འགོད་པས་ལྕགས་ལམ་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་འཆར་ཉེར་ཡོད་པ་དང་འགྲུལ་པ་འགྲུལ་བཞུད་བྱེད་མང་བའི་དུས་ལ་ཁ་གཏད་གཅོག་པ་དང་རྒྱ་ཆེའི་འགྲུལ་པའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ཟླ་1ཚེས་10ཉིན་ནས་བཟུང་། བོད་ལྗོངས་ལྷ་ས་ནས་ལྷོ་ཁ་བར་གྱི་ཤུགས་འགྲེམས་མེ་འཁོར་C883/4མང་དུ་བཏང་བ་རེད། དེའི་ནང་ལྷ་ས་ནས་ལྷོ་ཁ་བར་གྱི་ཤུགས་འགྲེམས་མེ་འཁོར་C883མང་དུ་བཏང་བ་དེ་སྔ་དྲོའི་ཆུ་ཚོད་8དང་སྐར་མ་15ཡི་ཐོག་ལྷ་ས་བབས་ཚུགས་ནས་ཐོན་རྒྱུ་དང་། བོད་ལྗོངས་ལྷོ་ཁ་ནས་ལྷ་ས་བར་གྱི་ཤུགས་འགྲེམས་མེ་འཁོར་ཨང་རྟགས་C884མང་དུ་བཏང་བ་དེ་སྔ་དྲོའི་ཆུ་ཚོད་9དང་སྐར་མ་40ཡི་ཐོག་ལྷོ་ཁ་བབས་ཚུགས་ནས་ཐོན་གྱི་ཡོད། དེ་ལས་ལྷ་ས་ནས་ལྷོ་ཁ་བར་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་ཐེངས་3གཏོང་གི་ཡོད་པ་རེད།