དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འཛད་སྤྱོད་པས་སྤྱི་གནོད་མེད་པའི་སྔོ་ཚལ་ཟ་ཐུབ་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

    ཉེ་བའི་ལོ་ཤས་རིང་། སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྔོ་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྔོ་ཚལ་གྱི་སྤུས་ཚད་དང་བདེ་འཇགས་དོ་དམ་ལམ་ལུགས་ལག་ལེན་བསྟར་ནས་ཁྲོམ་རའི་ཞིབ་དཔྱད་ཆོག་འཐུས་ལྟེ་བར་བྱེད་པ་དང་། ཁྲོམ་རས་རང་བཤེར་ལ་བརྟེན་ནས་ཁྲོམ་རའི་ཚོང་ཟོག་གི་ཆ་འཕྲིན་དང་། ཞིབ་དཔྱད་བྱས་འབྲས། ལྟ་སྐུལ་དོ་དམ། གདེང་འཇོག་གྲུབ་འབྲས། སྤྱི་ཚོགས་ལྟ་སྐུལ་བཅས་ཁ་གསལ་དུ་བཏང་སྟེ་འབྲེལ་ཡོད་སྡེ་ཚན་གྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་མ་ཟད། རྒྱ་ཆེའི་འཛད་སྤྱོད་པས་བློ་བདེའི་ངང་སྤྱི་གནོད་མེད་པའི་སྔོ་ཚལ་ཟ་ཐུབ་པར་བྱས་ཡོད།

    འདི་ནི་ལྷ་ས་གྲོང་ཁྱེར་ལྕགས་པོ་རི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རའི་དཔྱད་ཞིབ་ཁང་དུ་ལག་རྩལ་པས་སྔོ་ཚལ་དང་ཤིང་འབྲས་ལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།