དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱིས“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་གཉིས་པ་འདུན་ཞུ་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

     གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་ལྗོངས་ཀྱིས“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་གཉིས་པའི་འདུན་ཞུའི་ལས་དོན་སྤེལ་ཏེ། རྙིང་ཁུངས་མིང་ཅན་སྲུང་སྐྱོབ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང“བོད་ཀྱི་རྙིང་ཁུངས་མིང་ཅན”གྱི་དཔུང་ཁག་སྟོབས་ཆེར་བཏང་ནས་རྙིང་ཁུངས་མིང་ཅན་གྱི་གསེར་བྱང་གི་སྐད་གྲགས་ཆེ་རུ་གཏོང་རྒྱུ་རེད། ཆ་རྐྱེན་འཛོམས་པའི་གཉེར་སྐྱོང་བྱེད་པོས་2024ལོའི་ཟླ་3ཚེས་11ཉིན་གྱི་གོང་འདུན་ཞུའི་དཔྱད་ཡིག་རང་གནས་སའི་ཚོང་དོན་གཙོ་གཉེར་སྡེ་ཚན་ལ་སྐྱེལ་དགོས་ཀྱི་ཡོད་པ་རེད།

    2023ལོའི་ལོ་འགོར་རང་ལྗོངས་ཀྱིས་རྙིང་ཁུངས་མིང་ཅན་ཁག་དང་པོའི་འདུན་ཞུའི་ལས་དོན་སྤེལ་འགོ་བཙུགས་པ་དང་ལོ་དཀྱིལ་ལ་བོད་ལྗོངས་གཡུ་གེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སི་དང་ཐལ་སྤུངས་སྒང་བྲོ་བ་ལྔ་ལྡན་གྱི་ལ་ཕིང་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོ་12བོད་རང་སྐྱོང་ལྗོངས་ཀྱི“བོད་ཀྱི་རྙིང་ཁུངས་མིང་ཅན”ཁག་དང་པོར་གཏན་འཁེལ་བྱས་པ་རེད། 2023ལོའི་ཟླ་12ཚེས་21ཉིན་ཚོང་དོན་པུས“ཀྲུང་ཧྭའི་རྙིང་ཁུངས་མིང་ཅན”གཏན་འཁེལ་མིང་ཐོ་གསར་པ་ཁག་གཅིག་ཡོངས་བསྒྲགས་བྱས་པའི་ནང་རྒྱལ་ཡོངས་ཀྱི་སྤུས་རྟགས་388དེའི་ནང་ཞུགས་ཐུབ་ཡོད། ལྷ་ས་གྲོང་ཁྱེར་གྱི་བོད་ལྗོངས་གཡུ་གེ་ཚང་དང་བདུད་རྩི་རྟགས་ཅན་སྤུས་རྟགས་གཉིས་ཚུད་ཅིང་། དེ་ནི་ལྗོངས་ཡོངས་ནས་ཚུད་པའི་སྤུས་རྟགས་གཉིས་ཡིན་ཞིང་། དེས་བོད་དུ“ཀྲུང་ཧྭའི་རྙིང་ཁུངས་མིང་ཅན”མེད་པའི་སྟོང་ཆ་བསྐངས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།