དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་ཤེས་དཔལ་གྱི་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། ཤེས་དཔལ་གྱི་བྱ་སྤྱོད་འཇགས་པར་སྐུལ་འདེད་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་གྱི་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བའི“ཤེས་དཔལ་གྱི་སྲོལ་ཡིག་སློབ་སྦྱོང་དང་། ཤེས་དཔལ་གྲོང་མི་བརྩོན་ལེན། ཤེས་དཔལ་གྲོང་ཁྱེར་མཉམ་སྐྲུན། 《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་གྱི་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》གཅིག་སྡུད་ཐོག་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ”ཁ་རུབ་ཆུས་ཇ་རྟའི་ཐང་ཆེན་དུ་གཉེར་བ་རེད།

    བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་རྒྱལ་ཡོངས་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི་ཤེས་དཔལ་ཚན་པ་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དང་ཁ་རུབ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་བསྐྱོད་དེ་བློ་འདྲིའི་ལས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མི་མང་ཚོགས་ལ《སྲོལ་ཡིག》གི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།《སྲོལ་ཡིག》དེ་2023ལོའི་ཟླ་10ཚེས་27ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2023ལོའི་ཟླ་11ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཆོག་མཆན་ཐོབ་པ་བརྒྱུད། 2024ལོའི་ཟླ་1ཚེས་1ཉིན་དངོས་སུ་ལག་བསྟར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།