ལོང་ཡིག་གིས་ཁ་མེ་རོང་གི་མིག་ཤེད་ཉམས་པའི་ཕྲུ་གུའི་ཕུགས་འདུན་མངོན་འགྱུར་བྱུང་བ།
ཟླ་1ཚེས་4ཉིན་ནི་འཛམ་གླིང་གི་ལོང་ཡིག་ཉིན་མོ་ཡིན། ཁ་མེ་རོང་གི་དབང་སྐྱོན་རོགས་སྐྱོར་མཐུན་ཚོགས་ཀྱིས་རྒྱལ་ས་ཡ་ཝུན་ཏེར་སློབ་གྲྭ་ཞིག་བཙུགས་པ་རེད། དེ་གར་ལོང་ཡིག་སློབ་ཚན་བཀོད་སྒྲིག་བྱས་པས་ཡུལ་དེའི་མིག་ཤེད་ཉམས་པའི་ཕྲུ་གུས་ལོང་ཡིག་སྦྱངས་ནས་འཛམ་གླིང་ལ་ཤེས་རྟོགས་བྱེད་པའི་གོ་སྐབས་རག་པ་མ་ཟད། དེ་བས་ལེགས་པའི་ངང་སྤྱི་ཚོགས་དང་མཉམ་འདྲེས་ཀྱང་བྱེད་ཐུབ། སློབ་གྲྭའི་ནང་ལོང་ཡིག་དགེ་རྒན་གྱིས་རྩོམ་རིག་བརྩམས་ཆོས་གྲགས་ཅན་སོགས་ལོང་ཡིག་ཏུ་བསྒྱུར་བ་དང་ཆེད་དམིགས་འཕྲུལ་ཆས་ཀྱི་དཔར་བཏབ་སྟེ་ཕྲུ་གུ་ཚོར་སྦྱོང་དུ་འཇུག་གི་ཡོད་པར་བརྟེན། ལོང་ཡིག་གིས་ཕྲུ་གུའི་ཕུགས་འདུན་མངོན་འགྱུར་ལ་གཤོག་ཟུང་བསྒར་ཡོད།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་བུ་ཆུང་ཨན་ཏི(གཡོན་གྱི་གཉིས་པ)ཡིས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལོང་ཡིག་སྦྱོང་བཞིན་པ།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་བུ་ཆུང་ཨན་ཏི(གཡོན་གྱི་གཉིས་པ)དང་སློབ་གྲོགས་འཆམ་འཆམ་བྱེད་བཞིན་པ།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་སློབ་མ་ཞིག་གིས་ལོང་ཡིག་འབྲི་སྟངས་སྦྱོང་བཞིན་པ།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་བུ་ཆུང་ཨན་ཏིས་ལོང་ཡིག་གི་རྩོམ་ཡིག་འབྲི་སྟངས་སྦྱོང་བཞིན་པ།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་བུ་ཆུང་ཨན་ཏི་སློབ་ཁང་དུ་སླེབས་པ།
འདི་ནི་ཁ་མེ་རོང་གི་ཡ་ཝུན་ཏེའི་སློབ་གྲྭ་ཞིག་ཏུ་ཕྲུ་གུ་ཚོས་ལོང་ཡིག་ལ་བརྟེན་ནས་རྩོམ་ཡིག་འབྲི་སྟངས་སྦྱོང་བཞིན་པ།