དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ལ་སི་ཁྲོན་ཞིང་ཆེན་གྱི་གསོ་རིག་ཚན་རྩལ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-15

    ཉེ་ཆར་སི་ཁྲོན་ཞིང་ཆེན་གསོ་རིག་སློབ་ཚོགས་ཀྱིས་2023ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གསོ་རིག(གཞོན་ནུ)ཚན་རྩལ་བྱ་དགའི་རྣམ་གྲངས་ཁྱབ་བསྒྲགས་བྱས་པ་རེད། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གིས་སྣེ་ཁྲིད་པ་དང་། སྤུན་ཟླའི་སྨན་ཁང་དང་མཉམ་འབྲེལ་བྱས་ནས་སྙན་སེང་ཞུས་པའི“སྲིན་ཚོགས་དང་། རྒྱུ་ལམ། མཆིན་པ་བཅས་ཀྱི་རྒྱུ་འབྲས་འབྲེལ་བའི་རྨང་གཞི་དང་གསར་གཏོད་ནད་ཐོག་སྨན་བཅོས་ཀྱི་ཉེར་སྤྱོད་ཞིབ་འཇུག”ལ་2023ལོའི་སི་ཁྲོན་ཞིང་ཆེན་གསོ་རིག(གཞོན་ནུ)ཚན་རྩལ་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།

    “སྲིན་ཚོགས་དང་། རྒྱུ་ལམ། མཆིན་པ་བཅས་ཀྱི་རྒྱུ་འབྲས་འབྲེལ་བའི་རྨང་གཞི་དང་གསར་གཏོད་ནད་ཐོག་སྨན་བཅོས་ཀྱི་ཉེར་སྤྱོད་ཞིབ་འཇུག”རྣམ་གྲངས་ཀྱིས་རྒྱུ་མ་དང་མཆིན་པ་རིགས་པའི་གཞུང་ལུགས་གཞི་འཛིན་སར་བྱས་ནས་རྒྱུ་མའི་སྐྱེ་དངོས་ཕྲ་རབ་དང་། རྒྱུ་མའི་རྒྱུན་མཐོང་ནད་གཞི། མཆིན་པ་མཁྲེགས་འགྱུར་བཅས་དང་དེའི་ནད་རྐྱེན་ལ་ནད་ཐོག་སྨན་བཅོས་ཀྱི་གྲངས་གཞི་འཚོལ་བསྡུ་དང་ཞིབ་འཇུག་འབོར་ཆེན་བྱས་པ་དང་། རྒྱུ་མའི་སྲིན་ཚོགས་དང་རྒྱུ་ལམ་དང་མཆིན་ནད་བར་གྱི་རྒྱུ་འབྲས་འབྲེལ་བ་དང་མཆིན་པ་མཁྲེགས་འགྱུར་དབང་གིས་རྒྱུ་ལམ་ལ་གནོད་སྐྱོན་ཕོག་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་སྨན་བཅོས་བྱེད་ཐབས་མང་པོ་གསར་གཏོད་བྱས་ཏེ། མཆིན་པའི་ནད་གཞི་བདེ་ཐང་སྨན་བཅོས་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས་མཆིན་པ་མཁྲེགས་འགྱུར་ནད་པའི་འཚོ་བའི་སྤུས་ཚད་དང་དྲག་སྐྱེས་བྱུང་རྗེས་ཀྱི་ལུས་གསོ་སྔར་བས་ལེགས་སུ་བཏང་བ་མ་ཟད། ལུས་སྦྱར་གློག་རྡུལ་ཡོ་ཆས་ལས་ནད་པའི་རྒྱུན་ལྡན་འཚོ་བའི་གྲངས་གཞི་བསྡུ་ལེན་བྱེད་པ་དང་ལུས་སྦྱར་གློག་རྡུལ་ཡོ་ཆས་མཆིན་ནད་བདེ་ཐང་སྨན་བཅོས་ལ་སྤྱོད་པར་སྐུལ་འདེད་བཏང་ཡོད་པ་རེད།

    བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྨན་པ་བསྟེན་སའི་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་གོམ་སྟབས་རྗེས་མར་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་རིག་པ་དང་ཆེད་ལས་ཚན་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། སྨན་ཁང་གི་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།