རིག་རྩལ་གཤམ་སྤེལ་གྱིས་དམངས་སེམས་དྲོ་བར་བྱེད་པ།
འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར“དུས་ཆེན་གཉིས”རིང་གཞི་རིམ་དུ་རིག་རྩལ་གཤམ་སྤེལ་བྱས་ནས་བདེ་སྐྱིད་གླུ་དབྱངས་ལེན་བཞིན་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་སྤྲོ་སྣང་འཕེལ་བར་བྱས་ནས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།