དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པ་ཁྲི་43.21ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-15

    ཚེས་11ཉིན་གྱི་སྔ་དྲོར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི་ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཚུལ་གྱི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་རྩལ་ནུས་ཤེས་ལྡན་པའི་གསོ་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་སྟེ་ཤེས་ལྡན་པའི་ནུས་པ་དང་བྱང་ཚད་མཐོ་རུ་བཏང་བ་མ་ཟད་གྲུབ་ཆའི་བསྡུར་ཚད་ཀྱང་ལེགས་སུ་བཏང་བ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་ཁྲི་43.21ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་33.4%འཕར་བ་དང་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི་22.05%བཟུང་ཡོད། དེའི་ཁྲོད་མཐོ་རིམ་རྩལ་ནུས་ལྡན་པའི་ཤེས་ལྡན་པ་ཁྲི་5.33ཟིན་པ་དེས་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་གྱི་12.34%བཟུང་ཡོད་པ་རེད།

    ལྗོངས་མི་སྤྱི་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་མཱ་ཧོ་ཙུའུ་ཡིས། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། དུས་རབས་གསར་པའི་མཐོ་རིམ་རྩལ་ནུས་ལྡན་པའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་བསམ་འཆར་བཟོས་ནས་ལག་བསྟར་བྱས་པ་མ་ཟད། “1+6”གི་ལག་རྩལ་བཟོ་པའི་སློབ་གསོ་བཀོད་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བོད་ལྗོངས་ལག་རྩལ་སློབ་གླིང་གིས་སྣེ་འདྲེན་དང་། གཞུང་བཙུགས་ལག་རྩལ་བཟོ་པའི་སློབ་གྲྭས་གཙོ་བོ་བྱེད་པ། དམངས་བཙུགས་ལག་རྩལ་བཟོ་པའི་སློབ་གྲྭ་གྲུབ་ཆ་གལ་ཆེན་ཡིན་པ་བཅས་ཀྱི་སློབ་གཉེར་རྣམ་པ་དང་། སྐས་རིམ་ལྡན་པའི་འཕེལ་རྒྱས། འབྲེལ་མཐུད་ལུགས་མཐུན་གོ་རིམ་ལྡན་པ་བཅས་ཀྱི་སློབ་གཉེར་མ་ལག་ཅིག་རགས་ཙམ་ཆགས་ཡོད། ཐོན་ལས་ཀྱི་མངགས་ཐོའི་རྣམ་པ་དང་ལས་གནས་ཀྱི་ཁ་ཕྱོགས་གཏན་འཁེལ་རྣམ་པའི་གསོ་སྦྱོང་གི་གཞི་ཁྱོན་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་ཕྱོགས་སྟོན་དུ་བྱེད་པའི་གསོ་སྦྱོང་གི་དམིགས་ཚད་རྒྱུན་ཆད་མེད་པར་ཁ་གསལ་བཟོས་ནས་ལོ་རེའི་ཆ་སྙོམས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་10ཡན་ཟིན་པ་དང་། མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་གི་བསྡུར་ཚད་35%ཟིན་པ་རེད།

    དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་གདེང་འཇོག་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“རིམ་བརྒྱད་གསར་པའི་བཟོ་པ”ཡི་ལས་རིགས་རྩལ་ནུས་རིམ་པའི(ལས་གནས)གོ་རིམ་ཁྱབ་གདལ་བཏང་ཞིང་། རྩལ་ནུས་ཤེས་ལྡན་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་རིགས་འཕེལ་རྒྱས་ཤར་གཏོང་ཐུབ་པར་སྐུལ་འདེད་བཏང་སྟེ་ཁྱབ་ཁྱོན་དེ་ལས་གྲྭ་དང་། ཞིང་ལས། བཟོ་བཀོད་མཛེས་རྩལ་སོགས་གོ་མིང་ཁག་བརྒྱད་བར་རིམ་བཞིན་རྒྱ་ཆེར་བཏང་ཡོད། སྤུས་ཚད་ལྟ་སྐུལ་མཛུབ་ཁྲིད་པ་དང་དཔྱད་ཞིབ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར་ལྗོངས་ཡོངས་སུ་དཔྱད་བསྡུར་བ་དང་སྤུས་ཚད་ལྟ་སྐུལ་མཛུབ་ཁྲིད་པ་781དང་ལས་རིགས་རྩལ་ནུས་རིམ་པའི་གདེང་འཇོག་སྒྲིག་གཞི་89ཟིན་ཁར་རིམ་རྩིས་བྱས་ན་རྩལ་ནུས་ཤེས་ལྡན་པ་མི་ཐེངས་ཁྲི་7.6ལ་གདེང་འཇོག་བྱས་པ་དང་། རྩལ་ནུས་ཤེས་ལྡན་པའི་ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་དང་སྣེ་མང་ཅན་གྱི་གདེང་འཇོག་ལམ་སྲོལ་རགས་ཙམ་བཙུགས་པ་རེད།

    གཞན་ཡང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ཆུ་ཚད་མཐོ་བའི་ལས་རིགས་རྩལ་ནུས་འགྲན་བསྡུར་སྣེ་ཁྲིད་དུ་བྱེད་པ་དང་། ལྗོངས་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྣེ་འདྲེན་དུ་བྱེད་པ། ལྗོངས་ནང་ཁུལ་གྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་གྱི་འགྲན་བསྡུར་རྨང་གཞིར་བྱས་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ཤིང་། ལྗོངས་ཡོངས་ཀྱི་ལག་རྩལ་འཇོན་ཐང་ཅན་གྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ཐེངས་4བསྟུད་མར་སྤེལ་བ་དང་། རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་ལག་རྩལ་འཇོན་ཐང་ཅན་57ལ་གཟེངས་བསྟོད་བྱས་པ་དང་། རྩལ་ནུས་ཆེ་བའི་ཤེས་ལྡན་པ་5འདེམས་སྒྲུག་དང་འོས་སྦྱོར་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་སྤྲད་པ། མི་4ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།