དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོར་མཚོ་བོད་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-15

    གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་12ཚེས་31ཉིན་བར། མཚོ་བོད་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་295.9སྐྱེལ་འདྲེན་བྱས་པའི་ནང་བོད་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་153.3ཟིན་པ་དང་བོད་ནས་ཕྱིར་འགྲོ་མཁན་འགྲུལ་པ་མི་ཐེངས་ཁྲི་142.6ཟིན་པ་དེ་2018ལོ་ལས་མི་ཐེངས་ཁྲི་36.6མང་དུ་ཕྱིན་ཏེ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་17སོང་རྗེས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་བསྐྱར་དར་རྟགས་ཅན་གྱི་སྒུལ་ཤུགས་གཉིས་ལྡན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་དང་སྤྱིར་བཏང་མྱུར་ཚད་ཀྱི་མེ་འཁོར་ཟུང་དུ་འབྲེལ་ནས་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་བཅས་ས་གནས་གསུམ་དབར་གྱི་སྐྱེལ་འདྲེན་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། 2023ལོར་བོད་ནས་འགྲོ་འོང་བྱེད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་1107བཏང་བ་དང་། ལྷ་ཉིང་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་624དང་ཐེངས་738སོ་སོར་བཏང་བ། བོད་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མང་བའི་དུས་མཚམས་སུ་ཉིན་རེར་མེ་འཁོར་ཐེངས་9གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།