དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མུ་མཐུད་འགག་སྒོ་སྒྲོལ་སྟབས་བདེ་རུ་བཏང་བ།

    ལོ་ལྔའི་རིང་མཐའ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་2500ལྷག་ཙམ་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-14

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི“དུས་སྐབས་དང་བསྟུན་ནས་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་གངས་ལྗོངས་ཀྱི་ལེའུ་གསར་གཏོད་པར་བྱས་རྗེས་འཇོག”སྒྱུར་བཅོས་བྱས་ནས་ལོ་ལྔ་འཁོར་བའི་ལས་ཀའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    ལོ་ལྔའི་རིང་། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་ལས་དོན་ཁག་ཡག་པོ་དང་། ཏན་ཏིག མྱུར་པོ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་བོད་ལྗོངས་གནས་སྤོས་ཡུལ་མིའི་དོ་དམ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ལོ་ལྔའི་རིང་མཐའ་མཚམས་འཛུལ་སྒྲོལ་དོ་དམ་ཁུལ་ནས་མི་ཐེངས་ཁྲི་2500ལྷག་ཙམ་དང་རླངས་འཁོར་ཐེངས་ཁྲི་1000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཉེན་གྱར་ཡུལ་སྐོར་བ་དང་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་རོགས་སྐྱོབ་ཧུར་ཐག་བྱས་པ།གཞི་རིམ་བཅོས་སྐྱོང་གི་གནད་དོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་2200ལྷག་ཙམ་ཆུང་ས་ནས་མེད་པ་བཟོས་པ་རེད། ཁྲིམས་འགལ་ངང་མཐའ་མཚམས་ནས་འཛུལ་སྒྲོལ་དང་ལྐོག་འདྲེན་སོགས་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་500ལྷག་ཙམ་ཞིབ་བཤེར་རྩད་ཆོད་ཐུབ་པ་དང་། ཁྲིམས་འགལ་ངང་མཐའ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་800ལྷག་ཙམ་བཀག་པ། འཇིགས་སྐུལ་དང་། འབར་གས། ཉེན་ཁ་བཅས་དང་འབྲེལ་བ་ཡོད་པའི་དངོས་རྫས་འབོར་ཆེན་རྩད་ཆོད་པ། གསེར་དང་། ཙན་དན་དམར་པོ། རྩ་ཆེའི་སྨན་རྒྱུ་སོགས་ལྐོག་འདྲེན་དངོས་པོ་འབོར་ཆེན་རྩད་ཆོད་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་ལག་བསྟར་བྱས་པ་རེད།

    ལོ་ལྔའི་རིང་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི“འགག་རྩའི་བྱ་ཐབས་གཅིག”སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་རིང་། གནས་སྤོས་མི་སེར་ལ་དོ་དམ་བྱེད་པའི་འགན་འཁྲི་མཚོན་པ་དང་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་དང་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་འདྲི་བར་ལན་ཡག་པོ་བརྒྱབ་ཡོད། འགག་སྒྲོལ་བརྟག་ཞིབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་ཞིབ་བཤེར་གྱི་འགག་སྒྲོལ་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས། འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། མཐའ་མཚམས་འཛུལ་སྒྲོལ་མི་སྣ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་ཆས་ཞིབ་བཤེར་བྱེད་པའི་དུས་ཚོད་27%འཐུང་དུ་བཏང་བ་དང་ཞབས་འདེགས་ཞུ་ཡུལ་བློ་ཡིད་ཚིམ་ཚད་99.1%ཟིན་ཡོད། ལོ་ལྔའི་རིང་མི་ཐེངས་ཁྲི་100ལྷག་ཙམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་ཆས་ཐེངས་ཁྲི་10ལྷག་ཙམ་མཐའ་མཚམས་འཛུལ་སྒྲོལ་གྱི་ཞིབ་བཤེར་ཧུར་ཐག་བྱས་ཡོད།

    ལོ་ལྔའི་རིང་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རིམ་རྩིས་བྱས་ན། འབྲེལ་ཡོད་འཆད་ཁྲིད་དང་། སྒྲོག་འགྲེལ། གྲོས་བསྡུར་ཐེངས་1000ལྷག་ཙམ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་25ལ་ཁྱབ་པ། ལོ་5བསྟུད་མར་གྲོང་སྡོད་རོགས་སྐྱོར་བྱས་པ། སྤྱོད་གོ་ཆོད་པའི་ལག་རྩལ་དང་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ཐེངས་500ལྷག་ཙམ་བྱས་པ། གྲོང་སྡོད་བྱ་ཡུལ་ཁག་ལ་རྣམ་གྲངས་མ་དངུལ་སྒོར་ཁྲི་3500བརྩོན་ལེན་བྱས་པ། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་600ལྷག་ཙམ་ཡོང་བར་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།