དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་བོད་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    ཉིན་ཤས་གོང་གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོར་བོད་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2300ལས་བརྒལ་ཏེ་9%ཡས་མས་འཕར་ནས་མི་རེར་ཆ་སྙོམས་བྱས་ན་སྒོར་ཁྲི་6ལས་བརྒལ་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5དང་སྒོར་ཁྲི་2ལས་བརྒལ་ཏེ་6.5%དང་10%ཡས་མས་སོ་སོར་འཕར་ཞིང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་3%དང་5%སོ་སོ་ནང་ཚུན་དུ་ཚོད་འཛིན་བྱས་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་བསྡོམས་འབོར། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བཅས་30%དང་། 22% 130%བཅས་སོ་སོ་ཡན་འཕར་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་བོད་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་འཕར་བ་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་13%ཡས་མས་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་བསྡོམས་འབོར་10%ཡས་མས་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོང་བར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་3%དང་5%སོ་སོ་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།