དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ལོ་མཇུག་བར་ཐོ་འགོད་བྱས་པའི་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་ཁྲི་57.14ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་9ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱིས་བྱེད་ཐབས་གསར་གཏོད་བྱས་ཏེ་གཉེར་སྐྱོང་བྱེད་པོའི་ཐོ་འགོད་དེ་བས་སྟབས་བདེ་རུ་བཏང་ནས། ཆ་འཕྲིན་འདྲི་རྩད་ལ་བརྟེན་ཏེ་དཔྱད་གཞི་འདོན་སྤྲོད་སྟབས་བདེ་རུ་གཏོང་བ་དང་། ཁྲིམས་ལྟར་སྒྲིག་མཐུན་ངང་ཐོ་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། བློས་འགེལ་ཆོག་པའི་བདེན་དཔང་ར་སྤྲོད་ལ་བརྟེན་ནས་རང་མིང་ར་སྤྲོད་གནད་སྨིན་ཐུབ་པའི་འགན་ལེན་བཅས་བྱས་པས། མིང་དང་། གཉེར་སྐྱོང་ཁྱབ་ཁོངས། སྡོད་གནས་སོགས་ཐོ་འགོད་དོན་ཚན་གལ་ཆེན་ལ་དེ་བས་སྟབས་བདེ་བསྐྲུན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་དུད་ཚང་ཁྲི་4.4ཡིས་ཐོ་འགོད་སྟབས་བདེ་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཀྱང་ཐུབ་ཡོད། 2023ལོའི་ཟླ་12བར། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཐོ་འགོད་བྱས་པའི་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་ཁྲི་57.14ཟིན་པ་དེ་དུས་མཚུངས་ལས་3.87%འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་བསྡུས་གྲུབ་ཞབས་ཞུས་གཉེར་སྐྱོང་བྱེད་པོའི་གཉེར་སྐྱོང་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོས“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་སྐྲུན་ནུས་འཐུས་སྒོ་ཚང་དུ་གཏོང་བ། གཉེར་སྐྱོང་བྱེད་པོས་བསྡུས་གྲུབ་ཅན་གྱི་བཀག་སྡོམ་ལས་སྒྲུབ་མ་ལག་འཛུགས་པ། གཉེར་སྐྱོང་གི་བྱེད་པོས་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་ཀྱི་སྒོ་ནས་གཉེར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་གཉེར་དུས་ལས་ཀའི་ཉིན་གཉིས་བར་ཐུང་དུ་གཏོང་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།