དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་ལོ་གསུམ་རིང་33.4%འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-13

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2023ལོའི་ལོ་མཇུག་བར། བོད་ཀྱི་རྩལ་ནུས་ཤེས་ལྡན་པ་བསྡོམས་འབོར་ཁྲི་43.21ཟིན་པ་དེ་2020ལོའི་ལོ་མཇུག་ལས་33.4%འཕར་བ་དང་། རྩལ་ནུས་ཤེས་ལྡན་པས་ལས་ཞུགས་མི་འབོར་བསྡོམས་འབོར་གྱི་22.05%བཟུང་ནས་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། རིམ་པ་མཐོ་རུ་ཕྱིན་པ། འཕེལ་རྒྱས་ལ་རམ་འདེགས་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་སྟོབས་ཤུགས་གཙོ་བོ་སྟེ་བོད་ཀྱི་རིམ་ཁག་ལག་རྩལ་བཟོ་པའི་སློབ་གྲྭས་ཐོན་ལས་མངགས་ཐོའི་རྣམ་པ་དང་ལས་གནས་གཏན་འཁེལ་རྣམ་པའི་གསོ་སྦྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས། ལོ་རེར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་10ཡན་ཟིན་པ་དང་མངགས་ཐོ་དང་གཏན་འཁེལ་རྣམ་པའི་གསོ་སྦྱོང་བྱེད་ཚད་35%ཟིན་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མིག་སྔར་བོད་ལྗོངས་ལག་ཤེས་སློབ་གླིང་སྣེ་འདྲེན་དུ་བྱེད་པ་དང་། གཞུང་བཙུགས་ལག་རྩལ་བཟོ་པའི་སློབ་གྲྭ་གཙོ་རྐང་དུ་བྱེད་པ། དམངས་བཙུགས་ལག་རྩལ་བཟོ་པའི་སློབ་གྲྭ་གྲུབ་ཆ་གལ་ཆེན་དུ་བྱེད་པ་བཅས་ཀྱི་སློབ་གཉེར་རྣམ་པ་དང་སྐས་རིམ་ལྟར་འཕེལ་རྒྱས་དང་འབྲེལ་མཐུད་གོ་རིམ་ལྡན་པའི་སློབ་གཉེར་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ཀྱིས་རྩལ་ནུས་ཤེས་ལྡན་པའི་ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་དང་སྣེ་མང་ཅན་གྱི་གདེང་འཇོག་ལམ་སྲོལ་རགས་ཙམ་བཙུགས་ནས་རྩལ་ནུས་ཤེས་ལྡན་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་རིགས་འཕེལ་རྒྱས་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ཤར་གཏོང་ཁྱབ་ཁྱོན་དེ་ལས་གྲྭ་དང་། ཞིང་ལས། བཟོ་རྩལ། མཛེས་རྩལ་སོགས་གོ་མིང་ཁག་8ལ་རིམ་བཞིན་རྒྱ་ཆེར་གཏོང་བ་དང་། ལས་རིགས་རྩལ་ནུས་རིམ་པ་གདེང་འཇོག་སྒྲིག་གཞི་89འཕེལ་རྒྱས་གཏོང་བ། རྩལ་ནུས་ཤེས་ལྡན་པ་མི་ཐེངས་ཁྲི་7.6ལ་གདེང་འཇོག་བཅས་བྱས་ཏེ་ལས་རིགས་རྩལ་ནུས་ཀྱི་རིམ་པ་ངོས་འཛིན་དང་། ཁེ་ལས་ཀྱི་རང་བརྟེན་གདེང་འཇོག ཆེད་དོན་ལས་རིགས་ཀྱི་ནུས་པ་དཔྱད་ཞིབ་བཅས་ཀྱི་སྤུས་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།