དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5000ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། ལུའུ་ནེང་ལེང་ཧུའུ་ཆན་ཝ་ཁྲི་50ཡི་རླུང་གློག་ར་བ་སོགས་གློག་གཏོང་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་གློག་དྲ་སྦྲེལ་བ་དང་སྦྲགས། མཚོ་སྔོན་གློག་དྲའི་2023ལོའི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་980.88མང་དུ་ཕྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཀྱི་གློག་གཏོང་འཕྲུལ་འཁོར་ཨ་མ་དང་ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5497.08དང་ཆན་ཝ་ཁྲི་5107.94སོ་སོར་ཟིན་ཡོད། ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཆན་ཝ་ཁྲི་5000ལས་བརྒལ་བ་དེ་2022ལོའི་ལོ་མཇུག་ལས་23.77%འཕར་ཡོད་པས་ནུས་རྒྱུ་གཙང་མ་མུ་མཐུད་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཤིང་། བྱེ་ངམ་ཐང་གི་རྟེན་གཞི་ཆེན་པོའི་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་མཐོ་གནོན་ཆེ་བའི་གློག་གཏོང་འདྲེན་མ་ལག་མགྱོགས་མྱུར་ཆགས་ནས་2030ལོར་སླེབས་སྐབས་ནུས་རྒྱུ་གསར་པ་འཛུགས་སྐྲུན་གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་1ལས་བརྒལ་རྒྱུ་རེད། འབྲེལ་ཡོད་སྡེ་ཚན་གྱིས“དྲ་བ་ཡོངས་སྤྱི་འདོམས་དང་གློག་གཏོང་བརྟན་པོ་ཡོང་བའི”རྩ་དོན་གཞིར་བཟུང་། ནུས་རྒྱུ་གཙང་མའི་གློག་དྲ་སྦྲེལ་མཐུད་འདྲེན་སྤྱོད་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་། འོད་ཤུགས་དང་། རླུང་ཤུགས། ཆུ་ཤུགས་བཅས་ཀྱི་གློག་གཏོང་མཉམ་འབྲེལ་ཚོད་འཛིན་གྱི་ཐབས་ཇུས་མུ་མཐུད་ལེགས་སུ་གཏོང་བ། རླུང་གློག་གསབ་རེས་དང་བཟོ་ལས་ཆེན་པོས་དུས་བཅད་དང་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནུས་རྒྱུ་གཙང་མའི་འདྲེན་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ། དུས་ཡུན་རིང་འབྲིང་ནང་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བ་དང་ཞིང་ཆེན་སྒྲོལ་ནས་སྙོམས་སྒྲིག་ཞབས་ཞུའི་ཉོ་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད། ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱེད་པར་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ཁུལ་གཏོད་རྒྱུར་འདེགས་སྐྱོར་བྱ་རྒྱུ་རེད།

    2023ལོར་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་དེ་ཆུ་ཤུགས་གློག་གཏོང་ལས་ཐེངས་དང་པོ་བརྒལ་ནས་ཞིང་ཆེན་ནང་ཁུལ་གྱི་གློག་ཁུངས་ཆེ་ཤོས་སུ་གྱུར་ཏེ་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་འཁོར་དང་གློག་གཏོང་ཚད་བསྡུར་ཚད་ཀྱི“བྱེད་པོ་གཉིས”སྔོན་ལ་མངོན་འགྱུར་བྱུང་ཡོད། ནུས་རྒྱུ་གཙང་མའི་གཏན་འཁེལ་ཅན་གྱི་བཀོད་གཏོང་ཚོད་འཛིན་དང་ཚད་ལྡན་ཅན་གྱི་དཔྱད་གྲངས་བཅོས་སྒྲིག་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ཆན་ཝ་ཁྲི་531ཟིན་པའི་ནུས་རྒྱུ་གསར་པའི་ས་ཚིགས་ཀྱི་ཚོད་འཛིན་ནུས་པ་ལེགས་སུ་བཏང་བ་དང་། གློག་གཏོང་ནུས་པ་ཆན་ཝ་ཁྲི་110ཆེ་རུ་ཕྱིན་པ། ནུས་རྒྱུ་གསར་པ་སྤྱོད་ཚད་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་པ། ནུས་རྒྱུ་གཙང་མ་ཕན་ནུས་ཆེན་པོས་སྤྱོད་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།