དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོས་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་པོ་དེ་མཚོ་སྔོན་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བའི་དགའ་ཤོས་བྱེད་ས་ཞིག་ཏུ་གྱུར་བ་དང་བསྟུན་ནས། 2023ལོར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་322.74ལ་སྣེ་ལེན་ཞུས་པ་དེ་མི་ཐེངས་ཁྲི་300ཡི་འགག་སྒོ་ལས་ཐོག་མར་བརྒལ་ནས་2019ལོའི་དུས་མཚུངས་དང་བསྡུར་ན་38%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2023ལོར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་གཉེར་སྐྱོང་བྱ་ཐབས་གསར་གཏོད་བྱས་ནས“འཇའ་ཚོན་ལམ”བཟོས་པ་དང་། ཁྱད་ལྡན་དྲ་ཐོག་གྲགས་ཅན་ཡུལ་སྐོར་བྱེད་ས་བཏོད་པ། ཕྱི་རོལ་གྱི་འཁྲབ་སྟོན་བྱེད་སའི་ཐང་ཆེན་སྒྱུར་བཀོད་སོགས་བྱ་ཐབས་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་མངོན་པར་བྱས་ནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད།

    ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་ཆེད་མ་དངུལ་སྒོར་དུང་ཕྱུར་2.24ལྷག་ཙམ་བཏང་ནས་མཚོ་སྔོན་པོའི་ནུ་ལྕེ་དང་ལྷ་མོའི་གླིང་ཕྲན་གྱི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་སྒྱུར་བཀོད་བྱས་པ་དང་མཛེས་ལྗོངས་ཁུལ་དུ་ལམ་སྤྱི་ལེ་15.4བཏིང་བ་དང་། ནུ་ལྕེ་གྲུ་ཁ་བརྟན་གཏོང་ཉམས་གསོ་བྱས་པ། རས་གུར་མགྲོན་ཁང་51གསར་བརྗེ་བྱས་པ། གཞོན་ནུའི་མགྲོན་ཁང་སྟར་པ་6སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལེགས་སྒྲུབ་བྱུང་བ། སྐབས་བསྟུན་རླངས་འཁོར་འཇོག་ས་5གསར་སྐྲུན་བྱས་པར་རླངས་འཁོར་5718འཇོག་ཐུབ་པས་ཡུལ་སྐོར་གྱི་ཉམས་ལེན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།