དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་བྱེད་སྤྱོད་ཚད་བརྒལ་བྱེད་ས་དང་འཇུག་གཞིར་བརྩིས་ནས། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་གྱིས་སྨན་བཅོས་འགན་སྲུང་ཐེབས་རྩ་བདེ་འཇགས་ལྡན་པ་དང་གཉེར་སྐྱོང་བརྟན་པོ་ཐུབ་པར་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། འདི་ནི་འཕྱོངས་རྒྱས་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་དང་མཉམ་དུ་རྫོང་དེའི་གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་ལ་སྨན་བཅོས་འགན་སྲུང་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་དང་། སྨན་རྫས་འཐེན་ཚོང་གསོག་གསུམ་གྱི་གནས་ཚུལ། ནད་པས་སྨན་ཉོ་བའི་ཐོ་འགོད་པ། ཁྱབ་ཁོངས་བརྒལ་བའི་གཉེར་སྐྱོང་བྱེད་སྤྱོད་སོགས་ལ་ཆེད་དོན་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།