དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་གི་ནུས་པར་དམ་འཛིན་ནན་པོ་བྱས་པ།

    ཁྲེང་ཀོན་ཆུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་རྗེས་ཐོན་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རྗེས་ལུས་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི“1+N+X”ལམ་ལུཌ་ལག་བསྟར་དོན་འཁྱོལ་བྱས་ནས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་དང་། གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར་དམ་འཛིན་ནན་པོ། གྲོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གྲུབ་ཆ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཆེད་དོན་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བ་དང་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    རྨང་གཞི་བརྟན་དུ་གཏོང་བར་ཤུགས་བརྒྱབ་པ།

    ཁྲེང་ཀོན་ཆུས་ཀྱིས་མི་འབོར་གྱི་གྲངས་ཀ་འོས་འཚམ་དང་། ཞབས་འདེགས་དང་དོ་དམ་སྟབས་བདེ་བ། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བཅས་ཀྱི་རྩ་དོན་གཞིར་བཟུང་། ཡང་བསྐྱར་ཁོངས་གཏོགས་ཁུལ་ཁག་དབྱེ་དང་དྲ་མིག་སྒྲིག་བཀོད་ཡག་པོ་བྱས་ནས་ཁྲོམ་གཞུང་3དང་། གྲོང་ཚོ(སྡེ་ཁུལ)29 དྲ་མིག་1021བཅས་མང་དུ་བཏང་ཞིང་། ལེཌ་སྒྲིག་བྱས་རྗེས། ཁྲོམ་གཞུང་15དང་། གྲོང་ཚོ(སྡེ་ཁུལ)80 དྲ་མིག་1221བཅས་ཟིན་ཡོད། ལེགས་སྒྲིག་བྱས་རྗེས་ཀྱི་ཕྱོགས་བསྡུས་དྲ་མིག་གིས“1+4+X”(དྲ་མིག་དཔོན་1+ཆེད་ལས་དྲ་མིག་དོ་དམ་པ1དང་། དྲ་མིག་གི་ཆེད་འགན་ལས་རོགས་ཉེན་རྟོག་པ་1 འགན་གཙང་ལས་བྱེད་པ་1 མེ་གསོད་པ་1+དུད་སྦྲེལ་སྤྱི་མི། གྲོང་སྡོད་སྟོབས་ཤུཌ། གཤམ་སྐྱོད་སྟོབས་ཤུཌ། སྡེ་ཁུལ་གྱི་སྟོབས་ཤུཌ་བཅས)ཡི་བྱ་ཐབས་གཞིར་བཟུང་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད།

    གཞན་ཡང་། ཁྲེང་ཀོན་ཆུས་ཀྱིས་ད་དུང་དུད་སྦྲེལ་སྤྱི་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། དུད་སྦྲེལ་སྤྱི་མིའི་འགན་འཁྲི་སྒྲུབ་ཚུལ་ལ་ཚན་རིག་དང་མཐུན་པར་ཚོད་སྐོར་ལུགས་མཐུན་བྱས་ཏེ། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་དང་འགྲོ་འོང་གཉིས་ཐུབ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། དུད་སྦྲེལ་སྤྱི་མིའི་དཔུང་ཁག་སྔར་བས་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་ལས་དོན་པ་གདན་ཞུའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་གླ་ཕོགས་ཐོབ་ཐང་ཚོད་རྩིས་བྱས་ནས། ལོ་འདི་གའི་སློབ་ཐོན་སློབ་མ་505གདན་ཞུ་བྱས་པ་དང་འབྲེལ། སྡེ་ཁུལ་གྱི་ད་ཡོད་ལས་མིའི་ནང་ནས“མཁོ་ཆོད་སྤྱི་ཚོགས་ལས་དོན་པ”168ཧྲག་སྒྲུག་གསོ་སྐྱོང་བྱས་ཤིང་། སྡེ་ཁུལ་གྱི་ལས་བྱེད་པ་གཞན་དག་དྲ་མིག་གི་འཐབ་ས་དང་པོར་ལས་དོན་སྤེལ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    འགན་འཁྲི་ནན་དུ་གཏོང་བར་ཤུགས་བརྒྱབ་པ།

    ཁྲེང་ཀོན་ཆུས་ཀྱིས་འགོ་ཁྲིད་གཙོ་བོར་ལས་ཀའི་འགན་འཁྲི་ནན་པོ་དཀྲིས་ནས། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་འགན་འཁུར་བ་ཨང་དང་པོར་བརྩིས་པ་དང་། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཧྲག་འདེམས་ཧྲག་སྒྲིག་གིས་སྣེ་ཁྲིད་པའི་ཕན་འབྲས་ཡག་པོ་ཐོན་པར་བྱས་ཐོག གཞི་རིམ་བཅོས་སྐྱོང་མི་སྒེར་གྱི་ལས་འགན་སྒྲུབ་པའི་གནས་ཚུལ་དང་སྤྱོད་གཙང་གསལ་ཞུའི་ནང་དུ་བཅུག་པ་དང་འབྲེལ། ཚན་པ་ཁག་གི་ལོ་མཇུག་གི་ལས་རྗེས་དཔྱད་ཞིབ་དང་ཕུལ་བྱུང་དང་སྔོན་ཐོན་འདེམས་པ་དང་ཟུང་འབྲེལ་བྱས་པ་རེད།

    ལས་དོན་སྒྲུབ་རིང་། ཁྲེང་ཀོན་ཆུས་ཀྱིས“གསལ་རྟོགས་གཱ་ལྔ”ཆེད་མངགས་བཟོས་པ་དང་སྦྲགས། གཞི་རིམ་གྱི་ལས་དོན་པར་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ“ལས་མི་ཆེ་གྲས་བདུན”ཡག་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དྲ་མིག་དོ་དམ་པར“མི་དང་། ས་ཆ། དོན་དག བྱ་དངོས། གནས་ཚུལ། རྩ་འཛུགས”སོགས་ཀྱི་གྲངས་གཞི་ཕྱོགས་ཡོངས་ནས་འཚོལ་བསྡུ་དང་། ཐོ་འགོད། ཞིབ་བསྡུར་བཅས་ཡག་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་ཆབས་ཅིག དྲ་མིག་ནང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་དང་སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་གནས་ཚུལ་གོང་དུ་ཞུས་ཏེ། གྲོང་ཚོ(སྡེ་ཁུལ)དང་ཉེན་རྟོག་ལས་དོན་ཁང་ལ་ཐོལ་བྱུང་དོན་རྐྱེན་དང་སྤྱིར་བཏང་གི་གྱོད་གཞི་ཐག་གཅོད་བྱེད་པའི་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ཡོད།

    དེ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱི་ཆུས་རིམ་པར་སྡེ་ཁུལ་བཅོས་སྐྱོང་གི་ཆེད་དངུལ་སྒོར་ཁྲི་2000བཀོད་སྒྲིག་གིས་སྡེ་ཁུལ་བཅོས་སྐྱོང་གི་སྐུལ་ལྕག་ལམ་སྲོལ་བཙུགས་པ་དང་། སྟོབས་ཤུགས་ཡོད་པའི་སྤྱི་ཚོགས་རྩ་འཛུགས་རྣམ་གྲངས་ཅན་གྱི་བྱ་ཐབས་བརྒྱུད་ནས་སྡེ་ཁུལ་བཅོས་སྐྱོང་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།

    ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བརྒྱབ་པ།

    ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན་ཐད། ཁྲེང་ཀོན་ཆུས་ཀྱིས“ཀུན་མཐོང་ལས་གཞིའི”བྱེད་ནུས་འཐུས་སྒོ་ཚང་དུ་བཏང་ནས། “སྤྱི་ཁྱབ་གཅིག་དང་ཡན་ལག་གཉིས”ཀྱི་ཁྲེང་ཀོན་ཆུས་ཀྱི་ཀུན་མཐོང་ལས་སྟེགས་བསྐྲུན་ཏེ། ཁྲོམ་གཞུང་དང་། སྡེ་ཁུལ། མངགས་གཏོང་ཁང་བཅས་ཚང་མའི་རྩིས་ཁྲ་བགོ་བཤའ་དང་དེའི་མ་ལག་སྒྲིག་སྦྱོར་དང་ཚོད་ལྟའི་སྙོམ་སྒྲིག་ལས་དོན་ལེགས་གྲུབ་ཟིན་ཡོད། མིག་སྔར་ལྟ་སྐུལ་ཚོད་འཛིན་གྱི་ཐོན་ཁུངས་སྣ་ཚོགས་ཁྱོན་བསྡོམས་14000ལྷག་ཙམ་འབྲེལ་མཐུད་ཟིན་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཐོན་ཁུངས་རིགས་དང་པོ་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ངོས་ཀྱི་ཐོན་ཁུངས་འབྲེལ་མཐུད་བྱེད་པའི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    དེ་དང་དུས་མཚུངས“དྲ་བ་གཅིག་དང་ལས་སྟེགས་གཅིག”གི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཁྲེང་ཀོན་ཆུས་ཀྱིས་དུས་བདེའི་བོད་ལྗོངས་APPབཀོལ་སྤྱོད་དོ་དམ་ལ་ཤུགས་སྣོན་དང་། རྒྱུན་གཏན་གྱི་བཀོད་གཏོང་ལས་དོན་གྱི་ལམ་སྲོལ་འཛུགས་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། དྲ་མིག་ཅན་གྱི་ཞབས་འདེགས་དོ་དམ་ལྟེ་གནས། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཅས“གཞི་གཅིག་ཅན”གྱི་འཁོར་སྐྱོད་དང“གཅིག་འཐུས་རྣམ་པའི”ལས་སྒྲུབ་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། ཆུས་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ཐད་ཇུས་གཞི་དང་འཆར་གཞི་བཀོད་དེ། ཁྲོམ་གཞུང་དང་སྡེ་ཁུལ་གྱི་བཀོད་གཏོང་མ་ལག་གི་སྒྲོམ་གཞི་འཆར་འགོད་དང་མི་སྣའི་སྒྲིག་ཁོངས་རགས་རྩིས་ཀྱི་ལས་དོན་ལེགས་གྲུབ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།