དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀུའོ་དབྱིང་ཡས་གསུངས་དོན།

    རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པར་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-11

    ཁོང་གིས་བོད་ཤར་རྒྱུད་ཀྱི་ས་མཐོར་ལོ་10རིང་ལས་གནས་བརྟན་སྲུང་གནང་ནས་རང་ཉིད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་ནགས་ལས་བྱ་གཞག་ལ་སྐྱེས་སུ་ཕུལ་ཡོད། ཁོང་ནི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནགས་ལས་དང་རྩྭ་ཐང་ཚན་རིག་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ནགས་ལས་ལག་རྩལ་ཆེ་མོ་བ་ཀུའོ་དབྱིང་ཡ་རེད།

    “འདི་ལོ་ནི་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱས་པའི་ལོ་7པ་དེ་ཡིན། སེམས་ནང་དགའ་ཚོར་ཆེན་པོ་འདུག་ལ། ལས་འགན་ལྕི་པོ་དང་གཟི་བརྗིད་ལྡན་པའི་མྱོང་ཚོར་ཡང་འདུག”ཅེས་ཀུའོ་དབྱིང་ཡས་གསར་འགོད་པར་བརྗོད་བྱུང་། ནགས་ལས་དང་རྩྭ་ཐང་གི་ལས་དོན་པ་ཞིག་ཡིན་པའི་ཆ་ནས་ཁོང་གི་གྲོས་འགོ་མི་ཉུང་བ་ཞིག་ནི་སྐྱེ་ཁམས་སྲུང་སྐྱོང་དང་འབྲེལ་བ་ཡོད་པ་དང་། དེའི་ནང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་གཙོ་གནད་དུ་འཛིན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གྲངས་འབོར་མྱུར་དུ་འཕར་ནས། སྤྱི་དམངས་ཀྱི་མིག་ལམ་དུ་ཡང་སེ་མཐོང་རྒྱུ་ཡོད། 2022ལོར། ཆབ་མདོ་གྲོང་ཁྱེར་ཁ་རུབ་དང་། རི་བོ་ཆེ། དཔལ་འབར་སོགས་ཀྱི་རྫོང(ཆུས)སུ་དྲེད་མོང་གིས་གནོད་འཚེ་བཟོ་བའི་གྱོད་གཞི་རྟག་པར་ཐོན་ནས་སྒོ་ཕྱུགས་དང་མི་ལ་རྨས་སྐྱོན་ཐེངས་མང་བཟོས་ཡོད། དྲེད་མོང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། གནས་ཚུལ་འདི་རིགས་ཐོན་རྗེས་གོང་རིམ་ལ་རིམ་པ་བཞིན་སྙན་སེང་ཞུས་ཏེ་ཐག་གཅོད་ཀྱི་མཆན་བཀོད་བཀའ་ལན་སྒུག་དགོས། དོན་དངོས་ཐོག་ལས་དོན་དེའི་བརྒྱུད་རིམ་ལ་མི་འདང་བའི་ཆ་མང་པོ་ཡོད་ཅིང་། འབྲེལ་ཡོད་སྡེ་ཚན་ལ་མཆན་བཀོད་བཀའ་ལན་འབྱོར་དུས་དྲེད་མོང་མཐོང་སར་བསྡད་མེད། ཡང་རྗེས་སུ་མི་ལ་གནོད་འཚེ་བཟོ་བའི་གནས་ཚུལ་འདི་རིགས་ཐོན་སྐབས་སླར་ཡང་མཆན་བཀོད་བཀའ་ལན་སྒུག་ནས་སྡོད་དགོས་ཀྱི་ཡོད།

    “རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོ་བའི་གནས་ཚུལ་ཐོན་སྐབས། ང་རང་བློ་ཕམ་ཆེན་པོ་ཡོང་གི་འདུག འོན་ཀྱང་དགའ་འོས་པ་ཞིག་ལ་རང་ཉིད་ཀྱིས་ལོ་ཤས་བསྟུད་མར་རི་སྐྱེས་སྲོག་ཆགས་ཀྱི་གྱོད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལེགས་སུ་གཏོང་བའི་སྐོར་གྱི་གྲོས་འགོ་བཏོན་པར་བརྟེན། མིག་སྔར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་ནས་དེར་ལན་བཏབ་བྱུང”ཞེས་ཀུའོ་དབྱིང་ཡས་གསུངས།

    ནགས་ལས་དང་རྩྭ་ཐང་གི་བྱ་གཞག་ནང་སྔར་བས་ལེགས་པར་ཞུགས་ནས་དུས་རབས་ཀྱི་འཕོ་འགྱུར་གསར་པ་དང་བསྟུན་ཆེད། 2022ལོར། ཀུའོ་དབྱིང་ཡས་ལས་ཐོག་ཞིབ་འཇུག་སློབ་མའི་རྒྱུགས་སྤྲད་དེ་རང་ཉིད་ཀྱི་ཆེད་ལས་ཆུ་ཚད་མཐོ་རུ་བཏང་བ་དང་འབྲེལ། རང་ཉིད་ཀྱི་དཔྱད་རྩོམ་ཀྱི་ཞིབ་འཇུག་ཁ་ཕྱོགས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་ཐད་གཏན་འཁེལ་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།