དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་གསོ།

    མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཟང་པོ་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ལོ་30ལྷག་ཙམ་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་དགེ་རྒན་ཡ་ཞ་ཡིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་སློབ་གསོའི་ལས་དོན་ལ་གཞོལ་བཞིན་ཡོད་ལ། ཉིང་ཁྲིའི་སློབ་གསོ་ཉམས་ཞན་ནས་སྟོབས་ཆེར་ཕྱིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད།

    “ལོ་རབས་90པའི་དུས་འགོར། ང་རང་ལས་ཀར་ཞུགས་མ་ཐག་པའི་སྐབས་སུ་གཞི་རིམ་གྱི་ཤང་གྲོང་སློབ་ཆུང་གི་ཆ་རྐྱེན་ཧ་ཅང་ཞན་པོ་འདུག”ཅེས་ཡ་ཞ་ཡིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས“ད་ཆ་ཕྱིར་དྲན་བྱེད་སྐབས། ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། རྒྱ་ཆེའི་དགེ་སློབ་ཚོས་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག སློབ་ཚན་ཡག་པོ་མཉམ་སྤྱོད་ཐུབ་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་ཐེབས་ཡོད་ལ། དགེ་སློབ་དབར་འབྲེལ་གཏུག་བྱེད་པའི་ཆ་འཕྲིན་གྱི་བར་མཐོངས་ཀྱང་ཆེ་རུ་ནུས་ལྡན་ཕྱིན་ཡོད། སློབ་གསོ་སློབ་ཁྲིད་ཀྱི་མཁྲེགས་ཆས་ནས་མཉེན་ཆས་བར་འཕེལ་རྒྱས་ཡག་པོ་འདི་འདྲ་བྱུང་བ་ང་ཚོ་ལས་ཀར་ཞུགས་མ་ཐག་པའི་སྐབས་བསམ་ཚོད་དཀའ་བ་ཞིག་རེད”ཅེས་བརྗོད།

    ཏང་གི་སྲིད་ཇུས་བཟང་པོའི་འོག་ད་ལྟའི་ཕྲུ་གུ་རྣམས་སློབ་གསོ་འཕེལ་རྒྱས་ལེགས་པའི་དུས་རབས་བཟང་པོར་སླེབས་ཡོད། ཡིན་ནའང་། སྤྱི་ཚོགས་ཀྱི་ཆ་འཕྲིན་ཅན་ཚད་མཐོའི་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་ཁྲོད་རོལ་རྩེད་ལ་དབྱིངས་ཞུགས་པའི་སྣང་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས། སློབ་གྲྭ་གྲོལ་བ་དང་གུང་གསེང་བཏང་མ་ཐག་ལག་ཐོགས་ཁ་པར་ལ་འཇུ་བ་མ་ཟད། ཐ་ན་ཁྱིམ་བདག་དང་སྐད་ཆ་མང་པོ་ཤོད་ཀྱི་མེད། ཡ་ཞས་འདིར་སློབ་གྲྭ་དང་། ཁྱིམ་བདག སྤྱི་ཚོགས་ཡོངས་བཅས་ཀྱིས་དོ་ཁུར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “ད་ཐེངས་ངས་འཁྱེར་བ་ནི་རོལ་རྩེད་ལ་དབྱིངས་ཞུགས་པའི་སྣང་ཚུལ་ཁྱབ་གདལ་དུ་འགྲོ་རྒྱུར་ཚོད་འཛིན་བྱས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་ཅིག་ཇི་ལྟར་སྐྲུན་དགོས་པའི་སྐོར་གྱི་གྲོས་གཞི་ཡིན། འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོ་རོལ་རྩེད་ལ་དབྱིངས་ཞུགས་པའི་སྣང་ཚུལ་དང་བྲལ་ནས་དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་བསམ་བློའི་ཁྲིད་སྟོན་ལ་བརྟེན་ནས་ཁོང་ཚོ་རང་གཤིས་དང་། ཕུགས་བསམ། ཤེས་བྱ་བཅས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཞིག་ཏུ་འཚར་ལོངས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཡ་ཞ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།