དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྨན་བཅོས།

    གཞི་རིམ་གྱི་སྨན་བཅོས་སྲོག་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ཚོགས་འདུ་གཉིས་རིང“སྨན་བཅོས”དེ་རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་བྱེད་པའི་འགག་རྩའི་ཐ་སྙད་ཀྱི་གྲས་ཤིག་ཏུ་གྱུར་ཡོད། མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཐོབ་པའི་གྲུབ་འབྲས་ནི་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཕྱིན་པའི་དོན་དངོས་ཀྱི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། འཕྲོད་བསྟེན་བདེ་ཐང་གི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྨན་བཅོས་ལག་རྩལ་ལེགས་སུ་གཏོང་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་གི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    མངའ་རིས་ས་ཁུལ་གྱི་རིམ་གསུམ་གཞུང་བཙུགས་སྨན་ཁང་1དང་རིམ་གཉིས་གཞུང་བཙུགས་སྨན་ཁང་7ཚང་མ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་འཛུགས་སྐྲུན་ནང་ཞུགས་པ་དང་། ས་གནས་ས་ཐོག་ནས་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་ནས་སྨན་རིན་སྤྲོད་པ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་བྱ་ཐབས་ལ་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་རྫས་བཅས“སྨན་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ཀྱི་ཉམས་མྱོང་ལ་སྐུལ་འདེད་གཏོང་བ། རིམ་ཁག་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་། ལྷག་པར་དུ། ས་ཁུལ་རིམ་པའི་གཞུང་བཙུགས་སྨན་ཁང་གིས་རང་སྐྱོང་ལྗོངས་ཀྱི་གསོ་རིག་སྔོན་ཐོན་རིག་ཚན་དང་། གཙོ་གནད་རིག་ཚན། ཁྱད་ལྡན་ཆེད་ལས་ཚན་ཁག་གཏོད་པར་སྐུལ་མ་ཧུར་ཐག་བཏང་ནས་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཅས་བཏང་ཡོད་པ་རེད།

    གཞན་ཡང་། གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། མངའ་རིས་ས་ཁུལ་གྱིས་རྣམ་པ་འདྲ་མིན་གྱི་གྲོང་གསེབ་སྨན་པའི་གསོ་སྦྱོང་ཧུར་ཐག་བྱས་ཤིང་། མིག་སྔའི་བར་རིམ་རྩིས་བྱས་ན་མི་551ལ་གསོ་སྦྱོང་བྱས་པ་དང་། 2023ལོར་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་རྐང་འཛིན་པ་38ལ་གསོ་སྦྱོང་བྱས་པ། ཤང་དང་གྲོང་རྡལ་གྱི་བོད་ལུགས་གསོ་རིག་གི་ལག་རྩལ་རྐང་འཛིན་པ་18ལ་གསོ་སྦྱོང་བྱས་པ་མ་ཟད། ས་ཁུལ་དང་གྲོང་ཁྱེར་རིམ་པའི་བོད་ལུགས་གསོ་རིག་སྨན་ཁང་གི་ཁག་བདུན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་པས་དགེ་ཕྲུག་3གསོ་སྐྱོང་བྱས་པ་རེད།

    རྒྱང་ལམ་གསར་པར་མངའ་རིས་ས་ཁུལ་གྱིས་གཞི་རིམ་གྱི་སྨན་བཅོས་རོགས་སྐྱོབ་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འབྲེལ་ཡོད་དམིགས་ཚད་དང་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།