དབུ་ཤོག
  • ལྷ་ས་དང་གཞིས་རྩེའི་བར་ལ་སྐྱོད་མཁན་གྱིས་འདིར་དོ་སྣང་གྱིས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-10

    མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་འབབ་ཚུགས་ཀྱི་སྐད་འཕྲིན་དུ་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། གཞིས་རྩེའི་སོ་ནམ་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར་འགྲུལ་པའི་དགོས་མཁོ་སྐོང་ཆེད། ལྷ་ས་འབབ་ཚུགས་ཀྱིས་འགྲུལ་པ་མང་དུ་སོང་བའི་གནས་ཚུལ་ལ་ཞིབ་འཇུག་བྱས་ནས། ཟླ་1ཚེས་10ནས་ཚེས་15ཉིན་བར་གཞིས་རྩེར་གཏོང་བའི་མེ་འཁོར་ཐེངས་གྲངས་གཉིས་མང་དུ་བཏང་འདུག

    2024ལོའི་ཟླ་1ཚེས་10ཉིན་དང་། ཚེས་11ཉིན། ཚེས་14ཉིན། ཚེས་15ཉིན་བཅས་སུ་ལྷ་ས་ནས་གཞིས་རྩེ་བར་གྱི་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་C921/2གཉིས་མང་དུ་གཏོང་རྒྱུ་ཡིན་པ་ཞིབ་ཕྲ་གཤམ་གསལ།

    ཤ་ཚའི་དྲན་སྐུལ།

    ལྕགས་ལམ་12306དྲ་ཚུགས་ནི་གཞུང་ཕྱོགས་ཀྱི་མེ་འཁོར་སྤ་སེ་དྲ་བ་ནས་འཚོང་ས་འབའ་ཞིག་དེ་རེད། ཉེ་དུས་འགྲུལ་པ་མང་དུ་སོང་བས། འགྲུལ་པ་རྣམས་ཀྱིས་ཕྱིར་སྐྱོད་དུས་ཚོད་འོས་འཚམ་འདེམས་པ་དང་སྔ་ཙམ་ནས་མེ་འཁོར་འབབ་ཚུགས་སུ་སྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།