མཐུན་སྒྲིལ་རྡོག་རྩ་བསྒྲིལ། མ་འོངས་འཛུམ་གྱིས་བསུ།
རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་མཇུག་འགྲིལ་ཚོགས་འདུའི་པར་རིས་བདམས་བཀོད།
ཟླ་1ཚེས་9ཉིན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་རྒྱལ་ཁའི་ངང་གྲོལ་བ་རེད། འདི་ནི་ཚོགས་ར་ཡིན་པ།
ཨུ་ཡོན་ཚོས་བཞུགས་གནས་སུ་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་གནང་བཞིན་པ།
སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུ་ནན་ཏན་གསན་བཞིན་པ།
ཨུ་ཡོན་ཚོས་ཚོགས་འདུའི་བར་གསེང་དུ་གྲོས་བསྡུར་གནང་བཞིན་པ།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་ཨུ་ཡོན་ཚོ་ལྷན་དུ་དྲན་རྟེན་པར་རྒྱག་བཞིན་པ།
ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་བར་ཨུ་ཡོན་ཚོས་དགའ་བསུ་ཞུ་བཞིན་པ།
ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་གྲོལ་བ་རེད།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་15བར། ཚོགས་ཆེན་གྱིས་ཁྱོན་གྲོས་གཞི་396བསྡུ་ལེན་བྱས་པ་དང་གྲོས་གཞི་377སྒྲུབ་ཁོངས་སུ་བཅུག་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་95.2%བཟུང་ཡོད། གྲོས་གཞིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བཅས་ཀྱི་ནང་དོན་ལ་གཙོ་བོར་དམིགས་པ་དང་། གྲོས་གཞིའི་ནང་དོན་གནད་ལ་འཁེལ་བ་དང་། བརྟག་ཞིབ་གཏིང་ཟབ་པ། གྲོས་འགོ་ཞིབ་ཅིང་ཕྲ་བ། སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་བཅས་བྱུང་སྟེ། སྤུས་ཚད་མཐོ་བའི་སྲིད་འདོན་ཇུས་འབུལ་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། མི་དམངས་སྲིད་གྲོས་ཀྱི་གཟུགས་བརྙན་གསར་པ་གང་ལེགས་མངོན་ཡོད།
ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ཚོགས་ཁང་ནང་དུ་གློག་འོད་ཁྲ་ཆེམ་ཆེམ་དུ་འཕྲོ་བ་དང་བསྟུན་ནས་མཇུག་འགྲིལ་ཚོགས་འདུ་དངོས་སུ་འགོ་ཚུགས་པ་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་སྐོར་གྱི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན། ཚོགས་ཆེན་གྱི་ཆབ་སྲིད་གྲོས་ཆོད་བཅས་རེ་རེ་བཞིན་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་རྗེས་ཚོགས་ར་ཡོངས་ནས་དགའ་བསུ་ཡང་ཡང་ཞུས་པ་རེད།
ཚོགས་འདུའི་གྲོས་རིམ་ཚང་མ་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།