རྩལ་ནུས་འགྲན་ནས་འཇོན་ཐང་ངོམ་པ།
ཉེ་ཆར། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་ཡུལ་དམག་སྒྲིག་འཛུགས་བྱས་ཏེ། ས་བབ་མཐོ་ཚད་སྨི་3400ཡོད་པའི་སྦྱོང་བརྡར་རྟེན་གཞིར་མང་ཚོགས་རང་བཞིན་གྱི་དམག་སྦྱོང་རྣམ་པའི་རྩལ་ནུས་འགྲན་བསྡུར་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11གི་ཡུལ་དམག་50ལྷག་ཙམ་གྱིས་ལག་འབོམ་གཡུག་པ་དང་། ཚ་ཁ་ལྟ་བ། རྫས་མདེལ་དབོར་བ་སོགས་ཀྱི་རྣམ་གྲངས་10ལྷག་ཙམ་གྱི་འགྲན་བསྡུར་ལ་ཞུགས་པ་རེད། འགྲན་བསྡུར་བརྒྱུད། དམག་སྦྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱས་པ་མ་ཟད་ཡུལ་དམག་གི་འགན་འཁྲི་དང་ལས་འགན་སྒྲུབ་པའི་འཇོན་ཐང་ཆེ་རུ་ཕྱིན་པ་རེད།
ཡུལ་དམག་གིས་ཚ་ཁ་ལྟ་བཞིན་པ།
ཡུལ་དམག་གིས་རྫས་མདེལ་དབོར་བའི་རྣམ་གྲངས་འགྲན་བཞིན་པ།