དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་སྲ་ཞིང་བརྟན་པར་བྱས་པ།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    རང་སྐྱོང་ལྗོངས་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “དོན་ཆེན་བཞི”དང་། “འགན་ལེན་བཞི” “འཛུགས་གཏོད་བཞི”བཅས་ལ་དམིགས་པ། “མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་ལེན་བྱས་པ་རེད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཁྲེན་ཅིང་ཐའོ་ཡིས། གསར་འགོད་པར་འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་སྲིད་དོན་ལྟ་བཤེར་གྱི་ལས་འགན་གྱི་གསལ་ཐོ་ཁག་679ནས་ཁག་501བསྒྲུབས་ཟིན་པ་དང་ཁག་178སྒྲུབ་བཞིན་ཡོད་ཅེས་བརྗོད་པ་རེད།

    ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས། “བཅའ་ཁྲིམས་ལག་བསྟར་སུས་བྱས་ཀྱང་། དེ་ཡིས་ཁྱབ་གདལ་གཏོང་འགན་འཁུར་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་བདེ་བླག་ངང་འཚོགས་པ་དང་། མང་ཚོགས་ལ་ཁྲིམས་སྐྱོང་གི་དགོས་མཁོ་ཡོད་ན། འགན་ནུས་ཚན་པས་དང་ལེན་དང་། ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་ལྟ་སྐུལ་བྱེད་པའི་བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་འཚོལ་ཞིབ་བྱས་ནས་བཙུགས་པ། རང་སྐྱོང་ལྗོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཚོད་སྐོར་ལས་དོན་གཏིང་ཟབ་སྤེལ་བ་རེད། ཚད་ལྡན་ཅན་དང་། ཚད་གཞི་ཅན། ཁྲིམས་སྐྱོང་ཅན་བཅས་དམིགས་ཚད་དུ་བྱས་ཏེ་དུག་གཅོད་ལས་དོན་ཚད་ལྡན་ཅན་འཛུགས་སྐྱོང་གི་རིམ་སྤོར་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་སྡེ་ཁུལ་ཡོ་བསྲང་ཨུ་ལྷན་གྱི་ལས་ཀའི་ལམ་སྲོལ་ཁྲིམས་ལྟར་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་འདོམས་ཀྱི་བདེ་འཇགས་རྨང་གཞི་སྔར་བས་བརྟན་དུ་དང་ལྟ་འདོམས་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ཁྲིམས་འཛིན་སྲིད་འཛིན་གྱི་གཙོ་འགན་གཙོ་ལས་ལ་དམིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི“དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ། ཁྲིམས་རྩོད་པ་དང་ཁེ་ལས་མཉམ་དུ་འགྲོགས”པའི་ཆེད་དོན་བྱེད་སྒོའི་ལག་བསྟར་ཇུས་གཞི་བཟོས་པ་དང་། དུས་ཐེངས་དང་པོའི“དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ། ཁྲིམས་རྩོད་པ་དང་ཁེ་ལས་མཉམ་དུ་འགྲོགས”པའི་བཅའ་ཁྲིམས་གསོ་སྦྱོང་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་ཞིབ་དཔྱད་གཏན་འཁེལ་ཇུས་གཞི་དང་དེ་བཞིན་འཛུགས་གཏོད་དཔྱད་འབེབས་ཀྱི་དམིགས་ཚད་བཟོས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་དཔྱད་འབེབས་ལས་དོན་གཏིང་ཟབ་སྤེལ་ནས། ཁྲིམས་འཛིན་ཁང་673བཙུཌ་པ་དང་། ཞབས་འདེགས་ཞུ་ཡུལ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697ལ་ཁྱབ་ཡོད་པ་རེད།

    “ཁྲིམས་སྒྱུར་ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི”བྱེད་སྒོའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་བཙོན་ཁང་དང་དུག་གཅོད་ཁོངས་གཏོགས་སུ་ལས་གནས་སྦྱོང་བརྡར་ཆེན་པོ་དང་གསོ་སྦྱོང་ཆེན་པོའི་བྱེད་སྒོ་སྤེལ་ནས། མི་དམངས་ཉེན་རྟོག་པའི་དཔུང་ཁག་གི་ཆབ་སྲིད་བྱང་ཚད་དང་ལས་ཀའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་དང་། ལས་གནས་སྦྱོང་བརྡར་ཆེན་པོ་དང་གསོ་སྦྱོང་ཆེན་པོའི་བྱེད་སྒོ་སྤེལ་ནས་ལྗོངས་ཡོངས་ཀྱི་བཙོན་ཁང་དང་དུག་གཅོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལས་སྒོའི་ནུས་པའི་འགན་ལེན་ཤུགས་ཆེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།