དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་ལྷ་མོས་གསུངས་དོན།

    ཕ་ཡུལ་དེ་བས་སྔོ་ལྗང་ཅན་དང་མང་ཚོགས་དེ་བས་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀརྨ་ལྷ་མོ་ཡིན་པ།

    “ངས་ལོ་འདི་དག་ནང་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་གསལ་པོ་ཤེས་ཀྱི་ཡོད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བས་མི་མང་པོ་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་ཞུགས་ནས་མཉམ་དུ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀརྨ་ལྷ་མོས་སྤོབས་སེམས་ཆེན་པོས་གསུངས།

    ཀརྨ་ལྷ་མོས་ཉེ་བའི་ལོ་ཤས་རིང་། རུ་ཐོག་རྫོང་གིས་མཚོ་མོ་ངང་ལ་རིང་མོའི་རྒྱ་ལྕང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྡོང་ཕྲུག་ཁྲི་500ལྷག་ཙམ་བཏབ་པར་རྒྱ་ཁྱོན་མུའུ་6000ལྷག་ཙམ་ཟིན་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐད་ཀར་ཁེ་སྤོགས་སྒོར་ཁྲི་839ལྷག་ཙམ་བྱུང་ཡོད། མཚོ་མོ་ངང་ལ་རིང་མོའི་རྒྱ་ལྕང་བཏབ་ཚེ་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་ཐུབ་ལ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་དེ་བས་སྐུལ་འདེད་ཐུབ་པས་དེའི་ཕན་ཡོན་བརྗོད་མི་དགོས་པ་ཞིག་རེད། ཡིན་ནའང་རུ་ཐོག་རྫོང་གི་ས་བབ་མཐོ་བའི་ཁར་གྲང་ངར་ཆེ་ཞིང་གསོ་རླུང་དང་ཆུའི་ཐོན་ཁུངས་དཀོན་པ་སོགས་ཀྱི་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པ་མ་ཟད། ལྕང་སོན་འདེབས་པའི་དུས་འགོར་མ་དངུལ་ཕོན་ཆེན་གཏོང་དགོས་པ་དང་། རྗེས་མཐུད་ཀྱི་གཡོག་བྱེད་ཀྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ཡང་ཡོད། རང་སྐྱོང་ལྗོངས་ཀྱི《2022ལོའི་ཤིང་འཛུགས་སྔོ་འགྱུར་གྱི་སྡོང་ཕྲུག་དང་ལྕང་སོན་གཙོ་བོའི་མཛུབ་ཁྲིད་རིན་གོང》གི་ཚད་གཞིར་གཞིགས་ནའང་མཚོ་མོ་ངང་ལ་རིང་མོའི་རྒྱ་ལྕང་གི་རིན་གོང་དམའ་དྲགས་ནས་མ་འཇོག་དང་ཐོན་སྐྱེད་དབར་ག་མི་རྒྱག་པའི་གནད་དོན་ཐོན་གྱི་ཡོད་ཅེས་ངོ་སྤྲོད་གནང་ཞིང་། ཁོང་གིས“མཚོ་མོ་ངང་ལ་རིང་མོའི་རྒྱ་ལྕང་ཐོན་ལས་ནི་ང་ཚོའི་རྫོང་གི་ཀ་རྟེན་ཐོན་ལས་ཤིག་ཡིན། གལ་སྲིད་མཚོ་མོ་ངང་ལ་རིང་མོའི་རྒྱ་ལྕང་གི་རིན་གོང་འཕར་ཚེ། ལྕང་འཛུགས་ནང་ཞུགས་པའི་ཡུལ་མིའི་ཧུར་སེམས་ཆེ་རུ་སོང་ནས་ཕ་ཡུལ་དེ་བས་སྔོ་ལྗང་ཅན་དང་མང་ཚོགས་དེ་བས་ཕྱུག་པོ་ཆགས་པར་ཕན་ཐོགས་ཡོད”ཅེས་རེ་སྒུག་ཆེན་པོ་འཆང་བཞིན་དུ་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།