དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་འཛིན་གྱིས་གསུངས་དོན།

    འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་འཛིན་ཡིན་པ།

    “ནགས་ཚལ་གྱི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ཞིང་། དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྐྱེ་ཁམས་ཀྱི་བདེ་འཇགས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཡང་འབྲེལ་བ་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལྷ་འཛིན་གྱིས་གསུངས།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་བ་བཅས་བྱས་པས། ལྗོངས་ཡོངས་སུ་ནགས་ཚལ་གྱི་མེ་སྐྱོན་ཧ་ཅང་ཐོན་ཉུང་དུ་ཕྱིན་ཡོད།

    “རང་ལྗོངས་ཀྱི་སྐྱེ་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན་པ་དང་རང་ངོས་སླར་གསོ་བྱེད་ནུས་ཞན་པས། གལ་ཏེ་གཞི་ཁྱོན་ཆེ་བའི་གཏོར་བཤིག་ཕོག་ཚེ་ལོ་ཁ་ཤས་དང་ཐ་ན་ལོ་བཅུ་ཕྲག་ཁ་ཤས་ནང་གཞི་ནས་སླར་གསོ་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོས་རྒྱ་ཆེའི་མི་དམངས་མང་ཚོགས་སྐུལ་སློང་བྱས་ཏེ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ནགས་ཚལ་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་སྲུང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས”ཞེས་ལྷ་འཛིན་གྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།