དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དགུང་སྔོན་ཆུ་དྭངས་སྐྱེ་ཁམས་བཟང་། མཛེས་པའི་བོད་ལྗོངས་ཡང་རྩེའི་རྒྱན།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2023ལོར་རང་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་120བྱས་པ་དེའི་ནང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་མུའུ་ཁྲི་24ཚུད་ཡོད། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་614སླར་གསོ་དང་བཅོས་སྐྱོང་བྱས་པ་རེད། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ་དང་། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་Ⅲརིམ་པར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་4མང་དུ་སོང་བ་དང་། ས་ཁུལ(གྲོང་ཁྱེར)བདུན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད་ཅེས་བསྟན་ཡོད།

    ལྗོན་ཤིང་བཙུགས་ནས་བྱེ་འགོག་བྱེ་བཅོས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས“གླ་ཚེར་གྱི་བྱས་རྗེས”སྙིང་སྟོབས་སྔ་ཕྱི་བར་གསུམ་དུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྱོང་བྱེད་པའི”འཐབ་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    2023ལོར་ལྷུན་རྩེ་རྫོང་གིས“རི་གཉིས”ཀྱི་གསར་གཏོད་རྟེན་གཞི་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་ཐོ་འགོད་སྙན་སེང་ཞུས་པའི་འཛུགས་སྐྲུན་རྣམ་གྲངས་ཁག་44ཡི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱས་ཡོད་པ་རེད། “ནགས་དཔོན་ལམ་ལུགས”ལ་བརྟེན་ནས“ནགས་དཔོན་གྱི་བཅོས་སྐྱོང”ལ་སྐུལ་འདེད་བཏང་སྟེ། ཤིང་འཛུགས་ནགས་བཟོ་མུའུ་7500བྱས་པར་སྡོང་རྐང་ཁྲི་25ལྷག་ཙམ་ཟིན་ཡོད་པ་རེད། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གཏིང་ཟབ་སྤེལ་ནས“སྙིགས་མེད་གྲོང་ཁྱེར”ལ་སྐུལ་འདེད་ཏན་ཏིག་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་འགྱུར་ཚད་80%ཡན་ཟིན་ཡོད་པ་རེད། ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་བཞི་པས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་། རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་སྒྲུབ་སྤྲོད་གྱོད་གཞི་ཁག་དང་པོ་ཚང་མ་ཐོ་ཁོངས་ནས་བསུབས་པ་རེད། རྫོང་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ས་ངོས་ཀྱི་ཆུ་རྒྱལ་ཁབ་ཀྱི་Ⅲརིགས་ཀྱི་ཚད་གཞིར་སླེབས་པ། གཅིག་སྡུད་རྣམ་པའི་འཐུང་ཆུ་ཚད་གཞི་ལོན་ཚད་100%ཟིན་ནས་ནམ་མཁའ་སྔར་བས་གཡའ་དག་པ་དང་། ས་གཞི་སྔར་བས་སྔོ་ལྗང་། ཆུ་མོ་སྔར་བས་དྭངས་བ། ཡུལ་ལྗོངས་སྔར་བས་མཛེས་པ་བཅས་ཀྱི་མཛེས་རིས་ཤིག་བཀོད་པ་རེད།

    དཔའ་ཤོད་རྫོང་དུ་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དང་དེ་བཞིན་རི་མཐོན་པོའི་རྡོ་ཡ་མཚན་ཅན་དང་། འཁྱགས་རོམ། མཚེའུ་སོགས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཡོད།

    སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས་དཔའ་ཤོད་རྫོང་གིས་སྐྱེ་ཁམས་ཞིང་འབྲོག་ལས་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གཙང་མའི་ཐོན་ལས། དཔལ་འབྱོར་ནགས་ཁྲོད་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྐྱེ་ཁམས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་རིམ་འཕར་བྱུང་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བདེ་དགའ་དབང་མོས་གོམ་སྟབས་རྗེས་མར་དཔའ་ཤོད་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་དང་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་པའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་བསལ་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གང་མགྱོགས་མངོན་འགྱུར་ཡོང་བར་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་དང་སྐྱེ་ཁམས་མཛེས་པ་དང་མི་སེར་འབྱོར་ཕྱུག་གཉིས་གཅིག་འགྱུར་ནུས་ལྡན་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།