དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་ཤིས་ནན་ཁྲང་དུ་འབྲུ་འདེབས་དུད་ཆེན་གྱིས་ཞིང་པར་ལོ་བཅུ་གསུམ་བསྟུད་མར་ལོ་མཇུག་གི་བྱ་དགའ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-10

    འདི་ནི་ཟླ་1ཚེས་8ཉིན་ལིང་ཅི་ཧོ(གཡོན)ཡིས་འབྲུ་འདེབས་མཁས་ཅན་ལ་བྱ་དགའི་དངུལ་སྤྲོད་བཞིན་པ།

    ཚེས་8ཉིན། ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཨན་དབྱི་རྫོང་གི་འབྲུ་འདེབས་དུད་ཆེན་ལིང་ཅི་ཧོ་ཡིས་འབྲུ་འདེབས་མཁས་ཅན་དང་ལས་མིར་ལོ་མཇུག་གི་བྱ་དགའི་དངུལ་སྨར་སྒོར་ཁྲི་1169སྤྲད་པར། འབྲུ་འདེབས་མཁས་ཅན་བཟའ་ཚོའི་ལོའི་ཡོང་འབབ་སྒོར་ཁྲི་12ནས་30ལྷག་ཙམ་ཟིན་ཡོད་ཅིང་། ལིང་ཅི་ཧོ་ཡིས་ལོ་བཅུ་གསུམ་བསྟུད་མར་ཞིང་པར་ལོ་མཇུག་གི་བྱ་དགའ་སྤྲད་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལིང་ཅི་ཧོ་ཡིས་2010ལོར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ནང་བཤུག་བཏང་བའི་ས་ཞིང་ཁག་བགོས་ནས་འབྲུ་འདེབས་མཁས་ཅན་གཞན་ལ་དོ་དམ་བྱེད་དུ་བཅུག་པ་དང་འབྲེལ། གཞི་རྩའི་ཐོན་འབབ་གཏན་འཁེལ་བྱས་ཡོད། འབྲུ་འདེབས་མཁས་ཅན་དེ་དག་གིས་རྒྱུན་དུ་ཟླ་བ་མི་རེ་ངོ་རེའི་གཞི་རྩའི་གླ་ཆ་སྔོན་ལ་ལེན་པ་དང་ལོ་མཇུག་ཏུ་སླེབས་སྐབས་ལོ་ཧྲིལ་པོའི་ཐོན་འབབ་བསྡོམས་འབོར་ལ་གཞིགས་ནས་བྱ་དགའི་དངུལ་ལེན་གྱི་ཡོད། ཀུང་སིས་སོན་དང་། འདེབས་འཛུགས། རྩྭ་ངན་འཐུ་བ། བརྔ་བསྡུ་སོགས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།