ད་ལོ་སྲིད་གཞུང་གིས་ང་ཚོ་མང་ཚོགས་ལ་བྱ་བ་འདི་དག་སྒྲུབ་རྩིས་འདུག
ཁ་ས་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཟུར་བཀོད་ནང་2024ལོར་དམངས་འཚོའི་བྱ་བ་དངོས་21དོན་འཁྱོལ་བྱེད་རྩིས་ཡོད་པ་གཤམ་གསལ།
གཅིག
སློབ་གསོའི“འགན་ལེན་གསུམ"(འཚོ་བཅུད་ལེགས་གཏོང་ཚུད་པ)གྱི་ཚད་གཞི་དེ་སྒོར་90སྤོར་རྒྱུ་ཡིན་པས། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5620ཟིན་ནས་སློབ་མ་ཁྲི་74.6ལ་ཕན་པ་ཐོབ་རྒྱུ།
གཉིས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་དེ་སྒོར་30སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་705ཟིན་ནས་མི་ཁྲི་283.16ལ་ཕན་པ་ཐོབ་རྒྱུ།
གསུམ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་སྒོར་10སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་སྒོར་245ཟིན་ནས་མི་ཁྲི་30ལ་ཕན་པ་ཐོབ་རྒྱུ།
བཞི།
ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ཁག་སོ་སོར་སྒོར་123དང་། སྒོར་148 སྒོར་166བཅས་སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་ཁག་སོ་སོར་སྒོར་1354དང་། སྒོར་1625 སྒོར་1828བཅས་ཟིན་རྒྱུ།
ལྔ།
ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སྤྱི་ཚོགས་ཐོག་ཁ་ཐོར་དུ་སྡོད་བཞིན་པའི་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་ཁག་སོ་སོར་སྒོར་60དང་། སྒོར་72 སྒོར་81བཅས་སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་སྒོར་660དང་། སྒོར་792 སྒོར་891ཟིན་རྒྱུ། ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སྒྲིག་གཞིའི་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གནས་སྐབས་ལྟ་སྐྱོང་གི་གཞི་རྩའི་འཚོ་བའི་ཁ་གསབ་དེ་སྒོར་123དང་། སྒོར་148 སྒོར་166བཅས་སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་སྒོར་1354དང་། སྒོར་1625 སྒོར་1828ཟིན་རྒྱུ།
དྲུག
རྒན་རྒོན་གྱི་ལོ་ན་མཐོ་བའི་ཁ་གསབ་དངུལ་དང་རང་མགོ་མ་ཐོན་པའི་ཁ་གསབ་དངུལ་གྱི་ཚད་གཞི་དེ་སྒོར་120སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་720ཟིན་རྒྱུ། མཐའ་མཚམས་ས་ཁུལ་དུ་10%ཡང་བསྐྱར་སྤོར་རྒྱུ།
བདུན།
གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་སྒོར་5སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་115ཟིན་ནས་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཡོངས་ལ་ཕན་པ་ཐོབ་རྒྱུ།
བརྒྱད།
ལྗོངས་ཡོངས་ཀྱི་ལོ་65ཡན་གྱི་རྒན་རྒོན་གྱི་གཟུགས་པོ་བརྟག་དཔྱད་བྱེད་གྲོན་གྱི་ཚད་གཞི་དེ་སྒོར་36སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་136ཟིན་རྒྱུ།
དགུ།
དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་སྒོར་20སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་སྒོར་120ཟིན་རྒྱུ། དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ལྟ་སྐྱོང་བྱེད་པའི་ཁ་གསབ་ཚད་གཞི་དེ་སྒོར་40སྤོར་རྒྱུ་ཡིན་པས། ཟླ་རེར་མི་རེར་ཆ་སྙོམས་སྒོར་240ཟིན་རྒྱུ།
བཅུ།
ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་གི་ཁ་གསབ་ཚད་གཞི་དེ་སྒོར་200སྤོར་རྒྱུ་ཡིན་པས། ལོ་བརྒྱ་ཡན་གྱི་རྒན་རྒོན་ལ་མི་རེར་ལོ་རེར་སྒོར་1700ལས་མི་ཉུང་བ་དང་། ལོ་90ནས་99བར་གྱི་རྒན་རྒོན་ལ་ལོ་རེར་ཟླ་རེར་སྒོར་1400ལས་མི་ཉུང་བ། ལོ་80ནས་89བར་གྱི་རྒན་རྒོན་ལ་ལོ་རེར་ཟླ་རེར་སྒོར་1200ལས་མི་ཉུང་བ་བཅས་ཀྱི་ཚད་ལ་སླེབས་རྒྱུ་དང་། མཐའ་མཚམས་ས་ཁུལ་དུ་10%ཡང་བསྐྱར་སྤོར་རྒྱུ།
བཅུ་གཅིག
“རྒན་གྲས་གསུམ” གྱི་མི་སྣའི་ཁྲོད་ཀྱི་ཏང་ཡོན་མིན་པའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་ཏང་ཡོན་དང་གཅིག་པ་ཡོང་བ་བྱ་རྒྱུ་མ་ཟད་སྒོར་50སྤོར་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས་ཏང་ཡོན་རྒན་གྲས་ཀྱི་ཟླ་རེའི་ཁ་གསབ་ཚད་གཞི་དེ་སྒོར་800ནས་1100བར་ཟིན་རྒྱུ་དང་། ལས་བྱེད་པ་རྒན་གྲས་ཀྱི་ཟླ་རེའི་ཁ་གསབ་ཚད་གཞི་དེ་སྒོར་900ནས་1000བར་ཟིན་རྒྱུ། ངལ་རྩོལ་དཔེ་བཟང་རྒན་གྲས་ཀྱི་ཟླ་རེའི་ཁ་གསབ་ཚད་གཞི་དེ་སྒོར་800ནས་900བར་ཟིན་རྒྱུ།
བཅུ་གཉིས།
ལྟེ་བའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་གཞོན་གྱི་ཐོབ་ཐང་ཚད་གཞི་དེ་ཁག་སོ་སོར་སྒོར་2803དང་སྒོར་5968སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་40060དང་སྒོར་32048བར་ཟིན་རྒྱུ། མཐའ་མཚམས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་རྒན་གཞོན་གྱི་ཐོབ་ཐང་ཚད་གཞི་དེ་ཁག་སོ་སོར་སྒོར་3083དང་སྒོར་6565སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་44066དང་སྒོར་35253བར་ཟིན་རྒྱུ།
བཅུ་གསུམ།
མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མིའི་ཁ་གསབ་ཀྱི་ཚད་གཞི་དེ་ཁག་སོ་སོར་སྒོར་1000དང་སྒོར་500སྤོར་རྒྱུ་ཡིན་པས། ལོ་རེར་མི་རེར་ཆ་སྙོམས་སྒོར་13800དང་སྒོར་6800ཟིན་རྒྱུ།
བཅུ་བཞི།
འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཞིགས་ཏེ། དྲོད་རླངས་འཁྲིད་ཟིན་པའི་གྲོང་ཁྱེར་དང་རྫོང་ལ་དྲོད་རླངས་ཀྱི་ཁ་གསབ་སྤྲོད་རྒྱུ།
བཅོ་ལྔ།
ལེ་ལག་ཚང་བའི་སྤྱི་པའི་བོགས་གཏོང་ཁང་པ་238དང་ལེ་ལག་ཚང་བའི་འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ་318གསར་རྒྱག་དང་བཟོ་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། དུད་ཚང་4462ལ་བོགས་གཏོང་གི་ཁ་གསབ་སྤྲོད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་གྲས་38ཀྱི་དུད་ཚང་12108སྒྱུར་བཀོད་བྱ་རྒྱུ། སྡོད་ཁང་སྐྱོ་ཁུལ་གྱི(གྲོང་ཁྱེར་གྱི་ཉེན་ཡོད་སྡོད་ཁང་དང་ཁང་པ་རྙིང་པ)ཁང་པ་454སྒྱུར་བཀོད་བྱ་རྒྱུ།
བཅུ་དྲུག
མ་དངུལ་སྒོར་དུང་ཕྱུར་5བཏང་ནས་ས་བབ་མཐོ་སར་གསོ་རླུང་མཁོ་འདོན་གྱི་ཚོད་ལྟར་རྒྱབ་སྐྱོར་བྱ་རྒྱུ།
བཅུ་བདུན།
སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་རྒྱ་སྐྱེད་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་། “1+7+13"གྱི་རོགས་སྐྱོར་བྱེད་སྟངས་བཏོད་ནས། རྫོང་རིམ་པའི་མི་དམངས་སྨན་ཁང་13ལ་ཆེད་སྤྱོད་ཁ་གསབ་རོགས་དངུལ་སྒོར་ཁྲི་200སྤྲོད་རྒྱུ་དང་མཐའ་མཚམས་རྫོང་ལ་སྒོར་ཁྲི་100ཡང་བསྐྱར་སྣོན་རྒྱུ།
བཅོ་བརྒྱད།
ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། དེ་བཞིན་སྐྱ་འགྲིབ་ཕོག་པའི་ནད་པ་སོགས་ནད་རིགས་བཞིར་རིན་མེད་སྨན་བཅོས་བྱ་རྒྱུ།
བཅུ་དགུ།
མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཚུལ་ལ་ཞིབ་འཇུག་དང་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་རྫས་མཁོ་སྤྲོད་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་ལ་ཞིབ་འཇུག་དང་ཚན་རྩལ་འགག་སྒྲོལ་ཐུབ་པ་བྱ་རྒྱུ།
ཉི་ཤུ།
ནགས་ཚལ་འགན་བཅོལ་བྱེད་པའི་ཚོད་ལྟ་ལས་ཐོན་པའི་འགན་བཅོལ་ཞུ་གྲོན་ལ་ཁ་གསབ་སྤྲོད་རྒྱུ་དང་། སྤྱི་ཕན་ནགས་ཚལ་ལ་མུའུ་རེར་སྒོར་2ཀྱི་ཚད་གཞི་ལྟར་གྲངས་ཚང་ངང་ཁ་གསབ་སྤྲོད་རྒྱུ། ནགས་ཁྲོད་ཐོན་རྫས་ཐོན་སའི་ནགས་ཚལ་ལམ་ཤིང་ནགས་ལ་མུའུ་རེར་སྒོར་6གི་ཚད་གཞི་དང་90%ཡི་འགན་འཁུར་བསྡུར་ཚད་ལྟར་ཁ་གསབ་སྤྲོད་རྒྱུ།
ཉེར་གཅིག
དུད་ཚང་རེར་སྒོར་2500ཡི་ཚད་གཞི་ལྟར་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”བྱ་དགའི་ཁ་གསབ་དོན་འཁྱོལ་བྱས་ནས། ལྗོངས་ཡོངས་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།