དབུ་ཤོག
  • གཟར་འཁོར་འདིར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་10བར་ཆག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-08

    ཟླ་1ཚེས་7ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིར་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པས་དྲོད་ཚད་འཕར་ཆག་ཆེན་པོ་འདུག གཟའ་འཁོར་འདིའི་གངས་སམ་ཆར་པ་འབབ་ཚད་ནི་ཆབ་མདོ་དང་མངའ་རིས་ཀྱི་ནུབ་རྒྱུད་དུ་ཅུང་མང་བ་དང་། ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་རེད། གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་རྒྱུན་གཏན་ལས་ཅུང་དམའ་བ་ཡོད།

    གནམ་གཤིས་ཀྱི་འགྱུར་བ།

    ཚེས་8དང་9ཉིན། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    ཚེས་10དང་11ཉིན། ཉིང་ཁྲི་དང་ཆབ་མདོར་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁ་དང་ལྷ་སའི་ཤར་རྒྱུད་དུ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    ཚེས་12ནས་14ཉིན་བར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ལྷོ་ཁ། གཞིས་རྩེའི་ཤར་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    ཚེས་10ནས་13ཉིན་བར། རང་ལྗོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་10བར་ཆག་གི་ཡོད།

    གནམ་གཤིས་ལས་ཁུངས་ཀྱི་གྲོས་འགོ

    1. ཤར་རྒྱུད་དང་ལྷོ་རྒྱུད་དུ་གངས་སམ་ཆར་པ་འབབ་རྒྱུ་ཡིན་པས། ས་བབ་མཐོ་བའི་རི་ཁུལ་དུ་གངས་གསོག་དང་འཁྱག་པ་ཐེབས་སྲིད་པས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    2. གཟའ་འཁོར་འདིའི་ནང་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་བྱུང་བའི་རིམ་པ་ཅུང་མཐོ་བས། མེ་ཟོན་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    3. དྲོད་ཚད་འཕར་ཆག་ཆེ་བས། གྲང་འགོག་དྲོད་སྲུང་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་དགོས།

    4. གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་བརྒྱབ་སྲིད་པ་དང་། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་ལྷགས་པ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ། དེར་བརྟེན་ཕྱི་རོལ་དུ་ཕུབ་པའི་གུར་དང་སྟབས་བདེའི་ཁང་པ་སོགས་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།