གྲོང་ཁྱེར་ནང་དུ་སྤྱི་གླིང་སྐྲུན། སྐྱེ་ཁམས་ཕན་ཡོན་མཉམ་སྤྱོད་བྱེད།
ཉེ་བའི་ལོ་ཤས་རིང་། ཁའེ་ཀྲོའུ་ཆུས་ཀྱིས“སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རི་ཆུ་ནགས་མཚོ་དག་གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཡོང་བར་བྱས་པ་དང་། གྲོང་ཁྱེར་གྱི་ལྗང་མདོག་བར་མཐོངས་སྔར་བས་རྒྱ་སྐྱེད་བཏང་ནས“སྒེའུ་ཁུང་ཕྱེ་ན་ཡུལ་ལྗོངས་མཐོང་བ་དང་ཁྱིམ་སྒོ་ནས་ཐོན་ན་སྤྱི་གླིང་དུ་སླེབས་པའི”གནས་འཕྲོད་ཁོར་ཡུག་བཏོད་པར་བརྟེན། མང་ཚོགས་ལ་གྲོང་ཁྱེར་འཕེལ་རྒྱས་ལས་བྱུང་བའི་སྐྱེ་ཁམས་ཕན་ཡོན་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།
འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་པིན་ཧུའུ་མཚེའུ་སྤྱི་གླིང་དུ་ལྗོན་ཤིང་སྣ་ཚོགས་པ་དང་། ནམ་མཁའ་གཡའ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་ཡུལ་ལྗོངས་ཉམས་དགའ་བ་དང་བསྟུན་ནས་གྲོང་མི་ཚོས་འཆམ་འཆམ་བྱེད་ཀྱིན་ད་གུན་དུས་ཀྱི་མཛེས་སྡུག་ལོངས་སྤྱོད་བྱེད་བཞིན་པ།