དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་པེ་ཤང་དབྱང་དུ་ལོ་ངོ་སྟོང་གི་གནའ་གྲོང་གི“མཚན་མོའི་དཔལ་འབྱོར”ལས་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་གསར་པ་འཕེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-08

    2024ལོའི་ཟླ་1ཚེས་6ཉིན་གྱི་དགོང་མོར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་གནའ་གྲོང་ཁུལ་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་འཁྲུག་ཆ་ཧ་ཅང་དོད། གྲོང་མི་དང་ཡུལ་སྐོར་བས་མཚན་ཁྲོམ་སྐོར་བ་དང་། ཞིམ་ཟས་ལ་རོལ་བ། འཁྲབ་སྟོན་ལ་ལྟ་བ། ལྒང་བཞུ་ཚོན་ཁྲར་ལྟ་བ་སོགས་དགའ་སྤྲོའི་རྣམ་པས་ཁེངས།

    ཉེ་ལམ་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱིས་གནའ་གྲོང་སྲུང་སྐྱོང་དང་བེད་སྤྱོད་ལ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཤང་དབྱང་གནའ་གྲོང་གི་ལོ་ངོ་སྟོང་གི་གནའ་བོའི་ཁྲོམ་གཞུང་གི“ཀོན་ཅ་སྲང་ལམ”ཉམས་གསོ་དང་། དབྱིངས་ཞུགས་རྣམ་པའི་མཚན་མོའི་ཡུལ་སྐོར་གྱི་ཐོན་རྫས་འདོན་པ། གནའ་བོའི་ཉམས་འགྱུར་དང་དེང་རབས་ཀྱི་ཚོང་ལས་མཉམ་འདྲེས་བཅས་བྱས་ནས་གནའ་གྲོང་གི་རིག་གནས་ཡུལ་སྐོར་སྐྱེད་སྲིང་བྱེད་པའི་འཛད་སྤྱོད་ཀྱི་འཕར་གཞི་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཞིག་གིས་དབྱིངས་ཞུགས་རྣམ་པའི་མཚན་མོའི་ཡུལ་སྐོར་ཐོན་རྫས་བཏོན་པ་དང་བསྟུན་ནས་ཤང་དབྱང་འདི་ཉིད་དེ་སྔའི་ཡུལ་སྐོར་གྱི“མཚམས་སྒྲོལ་བྱེད་ས”ནས་ད་ཆའི་ཡུལ་སྐོར་གྱི“དམིགས་སར”འགྱུར་བཞིན་ཡོད་ལ། ཡུལ་སྐོར་ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    འདི་ནི་ཟླ་1ཚེས་6ཉིན། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གནའ་གྲོང་གི་ཀོན་ཅ་སྲང་ལམ་རིག་གནས་སྤྲོ་གསེང་ཁྲོམ་གཞུང་གི་འཁྲུག་ཆ་དོད་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།